ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་ལྔ་བའི་ཁོངས་མི་ལ་འགན་བསྐོས་ཡི་གི་གནང་།
སོ་མ་གྲོལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་ལྔ་བའི་ཁོངས་མི་བསྐོ་འཇོག་བྱས། ཧྲིན་ཁྲུན་ཡའོ་ཀྲུའུ་རིན་ལ་བསྐོས་པ་དང་ཚོས་ཧྲི་ཁྲང་དང་ཀྲང་ཡུང་གཉིས་ཀ་ཀྲུའུ་རིན་གཞོན་པ་བསྐོས་ཤིང་གཞན་མི་བདུན་ཨུ་ཡོན་ལ་བསྐོས།
ཝང་ཁྲིན་གྱིས་འགན་བསྐོས་ཡི་གེ་གནང་བའི་མཛད་སྒོར་འགོ་འཛིན་བྱས།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལིས་ཀྲན་ཧྲུའུ་ཡིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་ལྔ་བའི་ཁོངས་མི་ལ་འགན་བསྐོས་ཡི་གེ་གནང་།