ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ཟླ1ཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་ཚོང་ཟོག་ཁག་གཅིག་ནང་འདྲེན་གྱི་སྒོ་ཁྲལ་ལེགས་སྒྲིག་བྱ་རྒྱུ་རེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ཞིབ་སྲོལ་ཨུ་ལྷན་གྱིས་ཉེ་དུས་བརྡ་ཐོ་བཀྲམ་སྟེ2020ལོའི་ཟླ1ཚེས1ཉིན་ནས་བཟུང་ཚོང་ཟོག་ཁག་གཅིག་ནང་འདྲེན་གྱི་སྒོ་ཁྲལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ནང་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་པ། ནང་འདྲེན་གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་ཆེད་དུ2020ལོའི་ཟླ1ཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་ཚོང་ཟོག850ལྷག་ཙམ་ལ་གཟིགས་སྐྱོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་ཁྲལ་ཚད་ལས་དམའ་བའི་ནང་འདྲེན་གྱི་གནས་སྐབས་གཏན་འཁེལ་ཁྲལ་ཚད་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ཚོང་དོན་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཁོར་ཡུག་ལ་གནོད་འཚེ་ཆེ་བ་དང་མང་ཚོགས་ཀྱིས་བསམ་འཆར་འདོན་པའི་སྙིགས་རོ་ནང་འདྲེན་བྱ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་། ནང་འདྲེན་སྙིགས་རོ་དོ་དམ་དཀར་ཆག་གི་ལེགས་སྒྲིག་དུས་ཚོད་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ2020ལོའི་ཟླ1ཚེས1ཉིན་ནས་བཟུང་། གཞི་རྒྱུ་ཝུ་ཡི་སྙིགས་རོ་དང་གཞི་རྒྱུ་ཉི་ཡི་སྙིགས་རོའི་ཚོང་ཟོག་རིགས་གཉིས་ནང་འདྲེན་གྱི་གནས་སྐབས་གཏན་འཁེལ་ཁྲལ་ཚད་མེད་པར་བཟོས་ནས་གཟིགས་སྐྱོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་དཔྱ་ཚད་སླར་གསོ་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།