ལིས་ཁི་ཆང་དང་ཝུན་ཙེ་དབྱིན། ཨན་པེ་ཅིན་སན་བཅས་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས། ​

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀ་དང་མཉམ་དུ་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་ནི་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། ཕན་ཚུན་བར་དུ་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་ལྡན་པ་དང་ཐོན་ལས་མཉམ་བསྲེས་ཀྱི་ཚད་ཧ་ཅང་མཐོ། སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུའི་སྟེང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྒོ་འབྱེད་མཉམ་ལས་དང་སྒོ་འབྱེད་གསར་སྐྲུན། སྒོ་འབྱེད་མཉམ་སྤྱོད་མཉམ་སྐྲུན་བྱེད་པའི་འཛམ་གླིང་དཔལ་འབྱོར་གྱི་ལྟ་བ་བཏོན། མ་འོངས་པར་རྒྱང་ལྟ་བྱས་ན་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་དེ་གོ་སྐབས་གསར་བ་དང་འཕྲད་ཡོད། ང་ཚོས་དངོས་ཡོད་བདེན་དོན་གྱི་སྒོ་ནས་ཕན་ཚུན་བར་གྱི་འཕེལ་རྒྱས་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་། ལོ་རྒྱུས་མཐོང་ཆེན་བྱེད་པ་དང་མ་འོངས་པ་གསར་སྐྲུན་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་ལ། མ་འོངས་པར་དམིགས་པ་དང་མཉམ་ལས་གཅིག་སྡུད་བྱེད་དགོས། འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ཐད་ལ་འཆར་འགོད་བྱེད་དགོས། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་དེ་སང་ལོར་དུས་ལྟར་འགོད་པ་དང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་མྱུར་དུ་བྱས་ཏེ། གསར་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མི་གཞུང་བརྗེ་རེས་ལ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས་ཡོད། དེང་སྐབས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་ཤུགས་ཆེ་བའི་རྒྱབ་ལྗོངས་འོག་ཏུ་ཕྱོགས་གསུམ་གྱིས་མཉམ་ལས་རྒྱ་བསྐྱེད་ཅིང་རྒྱུན་མཐུད་སྒོས་ཐུན་མོང་གི་ཁེ་ཕན་ཇེ་མང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་མཉམ་ལས་ལ་སྐུལ་འདེད་བཏང་ནས། མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཨན་པེ་ཅིན་སན་གྱིས་བཤད་རྒྱུར། ལོ་ཉི་ཤུའི་རིང་ལ་རྒྱལ་ཁབ་གསུམ་པའི་མཉམ་ལས་དེ་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་རིམ་རྒྱུད་མྱོང་། འགོ་ཚུགས་ས་གསར་བ་ནས་ལངས་ཏེ་ཕྱོགས་གསུམ་པས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་ལོ་རྗེས་མ་བཅུའི་མཉམ་ལས་ཇུས་གཞི་ལ་འཆར་འགོད་བཟང་བོ་བྱས་ནས། ཕྱོགས་གསུམ་མཉམ་རྒྱལ་གྱི་འབྲེལ་བ་འཛུགས་དགོས་ཟེར།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།