ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125379633_15771091460591n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་དངུལ་འཛིན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན། ནགས་ཚལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། གཞིས་ཁུལ་ཡོ་བསྲང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་སྲ་གཟིགས་བེད་མེད་བཙོག་བཟོ་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་དང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི་བཏོན་པ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀའོ་ཧུའུ་ཁྲིན་གྱིས་འབྲེལ་ཡོད་ནང་དོན་སྐོར་ལ་གསལ་བཤད་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཀྲང་གྲོས་ཚོགས་ནས་གྲོས་ཞིབ་བྱེད་པའི་སྤྲོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཆོད་དོན་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་པ་དང་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་སོགས་ལ་ཉན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།