ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕེལ་རྒྱས་ཁོར་ཡུག་གང་ལེགས་སྒོས་བསྐྲུན་ཏེ་དམངས་གཉེར་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕེལ་རྒྱས་ཁོར་ཡུག་གང་ལེགས་སྒོས་བསྐྲུན་ཏེ་དམངས་གཉེར་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབ་བཟང་བོ་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཁྲིམས་ལྟར་འདྲ་མཉམ་སྒོས་ཐོན་ཁུངས་རྒྱུ་རྐྱེན་བཀོལ་སྤྱོད་བྱེད་པ་དང་མངོན་གསལ་དང་དྲང་བདེན། དྲང་བཞག་སྒོས་འགྲན་རྩོད་ཁྲོད་དུ་ཞུགས་པ། འདྲ་མཚུངས་སྒོས་བཅའ་ཁྲིམས་སྲུང་སྐྱོབ་ཐོབ་པ་འགན་སྲུང་བྱེད་དགོས་ལ། དམངས་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་ཚུལ་སྒྱུར་རིམ་འཕར། བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དམངས་གཉེར་ཁེ་ལས་གསར་སྐྲུན་འགོ་ཁོངས་ཕུན་སུམ་ཚོགས་པར་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་གསར་སྐྲུན་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པར་མ་ཟད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

བསམ་འཆར་ལས་དྲང་བདེན་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་གནད་ཕིགས་ནུས་ལྡན་གྱི་སྲིད་ཇུས་ཁོར་ཡུག་འཐུས་ཚང་དུ་གཏོང་བ། འདྲ་མཉམ་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཆ་ཚང་དུ་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་མ་གཏོང་བ་དང་སྣེ་ཁྲིད་བྱེད་པ། དམངས་གཉེར་ཁེ་ལས་ཚད་ལྡན་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། རྩ་འཛུགས་འགན་སྲུང་སོགས་ཕྱོགས་བདུན་གྱི་ཐད་ལ་བསམ་འཆར་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།