ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191221103514HZ56.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་མ་འགན་བཞེས་དམ་བཅའ་བཞག་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་མ་འགན་བཞེས་དམ་བཅའ་བཞག་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཐོག་མར་ཧི་དབྱི་ཁྲིན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བའི་འགན་བཞེས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཁྱོད་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་འགོ་ཁྲིད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་བསྒྲུབ་པ་དང་། སྐབས་སྔོན་མ་འགའི་སྲིད་གཞུང་གིས་བཏིངས་པའི་རྨང་གཞིའི་སྟེང་མུ་མཐུད་དུ་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་འཛུགས་སྐྲུན་ཁྲོད་ཞུགས་ནས་ཨོ་མིན་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་ཁྱོད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཧི་དབྱི་ཁྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་ལ་ཁོ་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་དོ་དམ་བཅོས་སྐྱོང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱང་རིང་ལ་དམིགས་པ་དང་དཀའ་གནད་ཁྱད་སེལ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་འཛིན་བྱེད་ངེས་ཡིན་ཟེར།

ཏེན་ཞེའོ་ཞང་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།