ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བསྡུས་པའི་དགོང་ཚིགས་གསོལ་སྟོན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125366885_15767822892471n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བསྡུས་པའི་དགོང་ཚིགས་གསོལ་སྟོན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་གྱི་ལོ་ངོ་ཉི་ཤུ་ནི་ཨོ་མིན་ལོ་རྒྱུས་སྟེང་དུ་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་ཆེས་མགྱོགས་ཤིང་དམངས་ཚིས་ལེགས་བཅོས་བྱས་པ་ཆེས་བཟང་བའི་དུས་སྐབས་ཤིག་ཡིན་པ་དང་། ཨོ་མིན་སྤུན་ཟླས་རླབས་ཆེན་མེས་རྒྱལ་གྱི་ལ་རྒྱ་དང་གཟི་བརྗིད་ཀྱི་ཚོར་སྣང་ཆེས་ཆེ་བ་མཉམ་སྤྱོད་བྱེད་པའི་དུས་སྐབས་ཤིག་ཀྱང་ཡིན། ཨོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་ལོགས་ཀྱི་རྒྱབ་སྐྱོར་ཆེན་པོ། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཨོ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་རེད་ཟེར།

1125366885_15767823100121n.jpg

ཉིན་དེའི་དུས་ཚོད་བཅོ་བརྒྱད་ཀྱི་སྟེང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་ལྕམ་མོ་ཧའོ་ཧོས་ཧྥིན་གཉིས་ཀྱི་འགྲོ་རོགས་འོག་དགོང་ཚིགས་གསོལ་སྟོན་སྟེང་ཕེབས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཤུགས་སྐྱེད་སྟོབས་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་སྤྱི་ཚོགས་འགན་སྲུང་ཡུན་རིང་ལ་བརྟན་འཇགས་ཡིན་པ་དང་། མིའི་རིགས་ཀྱི་ངོ་མཚར་གསར་སྐྲུན་བྱས། ད་ལྟ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་འཕོ་འགྱུར་བསུས་བྱུང། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཆེན་པོ་དང་སྤྱོད་ཚུལ་ལེགས་པའི་དུས་རབས་ཤིག་ཡིན་པ་དང་། ཨོ་མིན་དང་མེས་རྒྱལ་ནང་ལོགས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་དུས་རབས་ཤིག་ཀྱང་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཨོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཅིས་ཀྱང་ལེགས་འགྲུབ་འབྱུང་སྲིད་པ་དང་། ཨོ་མིན་སྤུན་ཟླས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་སྲིད་ངེས་ཡིན་ཟེར།

ཏེན་ཞེའོ་ཞང་དང་ཝང་ཁྲིན། ཀྲང་ཡུག་ཞ། ཝང་དབྱི། མ་པེའོ་སོགས་གསོལ་སྟོན་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།