ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བདེ་བླག་ངང་ཡོངས་འགྲུབ་པར་འགན་སྲུང་བྱེད་དགོས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125366698_15767614917271n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་བཞུགས་མོལ་ཚོགས་འདུ་བསྡུས།    ཁོས་ནན་གྱིས་བསྟན་དོན།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།   གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣོན་པ།   སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ།    འཕེལ་རྒྱས་བཅོས་སྒྱུར་ཐད་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བདེ་བླག་ངང་ཡོངས་འགྲུབ་པར་འགན་སྲུང་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན།   གཏན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ་དང་།    དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་དགོས་ན།  སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།  ལས་གཞི་ལྟར་མ་དངུལ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།  ས་ཁུལ་སོ་སོས་དངུལ་གཏོང་ལས་གཞིའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པར་སྣེ་ཁྲིད་བྱས་ཏེ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་དང་ས་གནས་སྲིད་གཞུང་གི་ཆེད་སྤྱོད་དངུལ་བུན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐད་ནས་ལས་གཞི་གལ་ཆེན་སྐོར་ཞིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།   ཐོན་ལས་ལས་གཞི་གལ་ཆེན་གྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་པ་སོགས་བྱས་ཏེ་ཐོན་ལས་སྣེ་ཁྲིད་སྲིད་ཇུས་ལེགས་སྒྱུར་བྱེད་དགོས་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་ལས་ཀྱི་དངུལ་གཏོང་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས།    ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་བྱེད་ཐབས་རྒྱུན་མཐུད་རྒྱ་བསྐྱེད་གཏོང་དགོས་པ་དང་།  ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།   ཁུལ་ཁོངས་འཕེལ་རྒྱས་འཐབ་ཇུས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་དགོས་པ་དང་།   ཁུལ་ཁོངས་སྲིད་ཇུས་དང་བར་སྟོང་བཀོད་སྒྲིག་འཐུས་ཚང་དུ་བཏང་སྟེ་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་ཐོན་ཁུངས་འཛུགས་སྐྲུན་བྱེད་དགོས།   པེ་ཅིན་དང་ཐེན་ཅིན།  ཧུ་པེ་སོགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་ལ་གཟབ་ནན་གྱིས་སྐུལ་འདེད་གཏོང་དགོས།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྲུང་སྐྱོབ་ཆེན་པོའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཧི་ལིས་ཧྥིན་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།