ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125366692_15767806864751n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་ལྔའི་རིང་ལ། སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གྱིས་འགོ་ཁྲིད་འོག ཨོ་མིན་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་བསྒྲུབས་པ་དང་། ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱས་ཤིང་། དཀའ་སྤྱད་འབད་བརྩོན་སྒོས་བྱ་བ་སྣ་ཚོགས་བསྒྲུབས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཚང་མའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་གདེང་འཇོག་ཆེན་པོ་ཐོབ་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཕྱིན་ཆད་ཚང་མ་ལས་གནས་གང་དུ་ཡོད་རུང་སྔོན་ཆད་དང་འདྲ་བར་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ཐད་ལ་བློ་གྲོས་དང་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར།

ཏེན་ཞེའོ་ཞང་དང་ཝང་ཁྲིན། ཀྲང་ཡུག་ཞ། ཝང་དབྱི། མ་པེའོ་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།