ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་སྲིད་གཞུང་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125366704_15767628611001n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་སྲིད་གཞུང་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་རྒྱལ་ཡོངས་སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།  ཁོས་གསུང་རྒྱུར།  ད་ལོར་རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཆེ་བ་ནའང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སེལ་མདུན་སྐྱོད་བྱས་ཏེ་ལོ་ཧྲིལ་བོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཅུང་བཟང་བོའི་སྒོ་ནས་ཡོངས་གྲུབ་བྱས་ཡོད།  སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྙོག་འཛིང་ཆེ་ཞིང་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་།  གཞན་གྱིས་ཚབ་བྱེད་ཐབས་མེད་པའི་བྱེད་ནུས་འདོན་སྤེལ་བྱས་ཡོད།    སང་ལོར་རང་རྒྱལ་གྱི་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་སྔར་ལས་ཆེ་བ་དང་གདོང་གཏོད་དགོས་པའི་གནས་བབ་སྔར་ལས་རྙོག་འཛིང་ཆེ་བ་ཞིག་ཡིན་ངེས་པས།  རིམ་པ་སོ་སོའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་།   ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།  འགྲན་རྩོད་ལ་གདོང་གཏོད་ཕོད་པ།   གཏན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་དགོས་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར།  སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་དག་གི་བྱ་བ་ཧ་ཅང་དཀའ་ཚེགས་ཆེ་བས་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཁོ་ཚོར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཚང་མའི་འཚར་ལོངས་འཕེལ་རྒྱས་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ།   ལིག་ཧི།    ཞའོ་ཅེ་བཅས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།