ཞི་ཅིན་ཕིང་གིས་ཨོ་མིན་སྲིད་གཞུང་གི་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་དང་དབྱིན་ཚེ་སློབ་གྲྭར་གཟིགས་ཞིབ་གནང་།

1125366408_15767814491371n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་མཉམ་དུ་ཨོ་མིན་ཧེ་ཧྲ་ཧོན་དུ་ཡོད་པའི་སྲིད་གཞུང་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་དང་ཧའོ་ཅང་སློབ་འབྲིང་གི་ཟུར་གཏོགས་དབྱིན་ཚེ་སློབ་གྲྭར་ཕེབས་ཏེ་ཨོ་མིན་སྡོད་དམངས་དང་དགེ་སློབ་རྣམས་དང་བརྩེ་བའི་གླེང་མོལ་བྱས།

1125366408_15767814491351n.jpg

ཞི་ཅིན་ཕིང་སྲིད་གཞུང་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ཀྱི་ཞབས་ཕྱིའི་ཐོག་ཁང་ཆེན་མོ་རུ་ཕེབས་ཏེ་འགྲེམ་སྟོན་པར་རིས་དང་སྦྲེལ་ཏེ་ཕྱོགས་བསྡུས་སྲིད་འཛིན་ཞབས་ཕྱིའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་སྡོད་དམངས་ལ་མུ་འབྲེལ་རྣམ་པའི་སྲིད་དོན་ཞབས་ཕྱི་འདོན་སྤྲོད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཐོབ་ཐང་དཔང་ཡིག་དང་སྤྱི་ཚོགས་འགན་སྲུང་ཞབས་ཕྱི་སྒྲུབ་ཁུལ་དུ་ཞི་ཅིན་ཕིང་གིས་འབྲེལ་ཡོད་བྱེད་སྒོའི་འགྲོ་ལུགས་སྒྲུབ་པའི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བར་མ་ཟད་བྱེད་སྒོའི་འགྲོ་ལུགས་སྒྲུབ་བཞིན་པའི་སྡོད་དམངས་དང་གླེང་མོལ་བྱས་པ་དང་། སྡོད་དམངས་རྣམས་སྲིད་གཞུང་གི་གཟིགས་སྐྱོང་བྱེད་ཐབས་ལ་ཧ་ཅང་ཡིད་ཚིམས་ཡོད། ཞི་ཅིན་ཕིང་གིས་བསྟན་དོན། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྡོད་དམངས་ལ་ཞབས་ཕྱི་བཟང་བོ་འདོན་སྤྲོད་བྱས་པ་དེ་ལས་མི་དམངས་གཞི་རྩར་འཛིན་པའི་འཕེལ་རྒྱས་འདུ་ཤེས་མཚོན་ཡོད་ཟེར།

1125366408_15767814491411n.jpg

1125366408_15767814491441n.jpg

དེར་མཐུད་ནས་ཞི་ཅིན་ཕིང་ཧའོ་ཅང་སློབ་འབྲིང་གི་ཟུར་གཏོགས་དབྱིན་ཚེ་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕེབས་ཏེ་ཨོ་མིན་གྱི་སློབ་གསོའི་སྤྱིའི་གནས་ཚུལ་དང་སློབ་གྲྭའི་ལོ་རྒྱུས་མཚམས་སྦྱོར་བྱས་པར་ཉན་པ་དང་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་ལ་དམིགས་བསལ་སྲིད་འཛིན་ས་ཁུལ་དང་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། བསླབ་དེབ་ནི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་གལ་ཆེན་ཡིན་པས། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ནང་ལོགས་དང་མཉམ་འབྲེལ་བྱས་ཏེ་བསླབ་དེབ་རྩོམ་སྒྲིག་བྱས་པའི་སྒྲུབ་སྟངས་ལ་ཁས་ལེན་བྱེད་འོས་པ་ཡིན་ཟེར། ཞི་ཅིན་ཕིང་གིས་ད་དུང་སློབ་གྲྭའི་ཚན་རྩལ་གསར་སྐྲུན་བརྩམས་ཆོས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བར་སློབ་མ་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་སློབ་གསོ་ལས་ཁུངས་དང་སློབ་གྲྭས་གཙོ་གཞིའི་འགན་འཁྲི་ཁག་ཁུར་བྱེད་པ་དང་ད་ཡོད་ཀྱི་རྨང་གཞིའི་སྟེང་ཡང་འབད་བསྐྱར་འབད་བྱས་ཏེ། རྒྱལ་གཅེས་རིང་ལུགས་སློབ་གསོ་བྱ་བ་སྔར་ལས་བཟང་བོ་བསྒྲུབ་དགོས་ཟེར།

1125367117_15767787879441n.jpg

ཏེན་ཞེའོ་ཞང་དང་ཝང་ཁྲིན། ཀྲང་ཡུག་ཞ། ཝང་དབྱི། མ་པེའོ་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།