ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125361459_15766587557271n.jpg

ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་ཡིན། ད་ལོའི་ཟླ་བཞི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞིར་མཉམ་དུ་མིང་རྟགས་བཀོད་པ་དེས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡུན་རིང་གི་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས་པ་རེད།  རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་བཟང་བོ་བྱེད་པ་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ། རྒྱུད་གཅིག་ལམ་ཅིག་མཉམ་བསྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་སྤེལ་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྐས་རིམ་སྔར་ལས་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལའོ་ཝའོ་སྤྱི་ཚོགས་ལས་རིགས་ཁག་དང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་འདོད་ཡོད་ཟེར།

པ་ཉི་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་ངོ་མཚར་གྱི་འཕེལ་རྒྱས་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད། ལའོ་ཝའོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་ལ་དཔེ་ལྟ་དང་སློབ་སྦྱོང་བྱས་ཏེ། དུས་རབས་གསར་བའི་ལའོ་ཝའོ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁྲིན་ཞའོ་ཀོང་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།