ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125362143_15766700009361n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། དེང་སྐབས་ས་ཁང་བདག་ཁོངས་ཚོང་རའི་གནས་བབ་བརྟན་སྤྱིར་བཏང་དུ་འཇགས་ཡིན་པ་དང་གྲུབ་འབྲས་དེ་ཐོབ་སླ་མོ་ཞིག་མིན། ས་ཁང་བདག་ཁོངས་ཚོང་རའི་བརྟན་འཇགས་སྲུང་འཛིན་བྱས་པ་ནི་ཆེ་ཕྱོགས་ནས་དཔལ་འབྱོར་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གལ་ཆེན་བཞག་པ་ཡིན། སྡོད་ཁང་ནི་མི་འདུག་ས་ཡིན་པ་ལས་ཚོང་བྱེད་ཀྱི་ཡོ་བྱད་མིན་པའི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་གཏན་ཤུགས་སྲུང་འཛིན་བྱས་ནས། ས་ཁང་བདག་ཁོངས་དེ་དུས་ཡུན་ཐུང་བའི་དཔལ་འབྱོར་སྐུལ་སྤེལ་བྱེད་ཐབས་སུ་བྱེད་མི་རུང་། གྲོང་ཁྱེར་གྱི་གནས་ཚུལ་དང་མཐུན་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་ཁྱོངས་བྱེད་པ་དང་། གྲོང་ཁྱེར་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ། ས་ཁང་བདག་ཁོངས་ཀྱི་རིན་གོང་བརྟན་འཇགས་དང་སྡོད་ཁང་གི་རིན་གོང་བརྟན་འཇགས། སྔོན་དཔག་དུས་སྐབས་བརྟན་འཇགས་ཡིན་པའི་དམིགས་འབེན་ལ་དམིགས་ནས། ཡུན་རིང་ནུས་ལྡན་གྱི་དོ་དམ་ཚོད་འཛིན་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁུལ་ཁོངས་གཙོ་བོའི་ས་ཁང་བདག་ཁོངས་ཚོང་རར་ཚོད་འཛིན་ལེགས་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་བྱ་བར་ཤུགས་སྣོན་དགོས་ལ། ཤུགས་ཆེན་པོས་སྡོད་ཁང་བོགས་མར་གཏོང་བའི་ཚོང་ར་འཕེལ་རྒྱས་སུ་གཏོང་བ་དང་ཚད་ལྡན་དུ་བཏང་ནས། སྡོད་དམངས་གསར་བ་དང་ན་གཞོན་ཚོགས་པའི་སྡོད་ཁང་གི་དཀའ་ཁག་ཐག་གཅོད་བཟང་བོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།