ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གཞི་རིམ་གྱི་སྲིད་དོན་ཁྱབ་སྒྲོག་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞབས་ཕྱི་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་མྱུར་དུ་ལག་བསྟར་་བྱས་ནས་ཁེ་ལས་ལ་ཕན་ཞིང་མང་ཚོགས་ལ་སྟབས་བདེ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་བཟོ་བཅོས་འཆར་ཟིན་སྲོལ་ཡིག་ལ་གྲོས་འཆམ་བྱུང་སྟེ། རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་གསར་སྐྲུན་ལ་སྔར་ལས་སྐུལ་མ་གཏོང་རྒྱུ་ཐག་བཅད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་དཔྱད་ཞིབ་མཇུག་འབྲས་ལ་ཆོག་མཆན་བཀོད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།