ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125358085_15765902445101n.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་དང་གྲོས་མོལ་མཛད།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གཉིས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་འོག ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་འབྲེལ་བ་རྒྱལ་ཁབ་གཉིས་ཀྱིས་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་སླེབས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་ཡིན་པ་དང་ཕུགས་བསམ་འདུ་ཤེས་གཅིག་ཏུ་འབྲེལ་ཡོད་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་ཟབ་མོ་བྱས་ཏེ། རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་ལ་ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་གཞིར་བཟུང་ནས་ལའོ་ཝའོ་རྒྱལ་ཁབ་དང་མཉམ་དུ་སྐམ་སའི་རྒྱལ་ཁབ་འབྲེལ་ཐག་རྒྱལ་ཁབ་དེ་སྐམ་སའི་མཉམ་འབྲེལ་རྒྱལ་ཁབ་ཏུ་འགྱུར་བའི་འཐབ་ཇུས་སྦྲེལ་མཐུད་ལ་མུ་མཐུད་དུ་ཡར་སྐུལ་བཏང་ནས། ཐོན་ནུས་དང་དངུལ་གཏོང་། ལྕགས་ལམ། ཀྲུང་གོ་དང་ལའོ་ཝོའི་དཔལ་འབྱོར་བར་ཁྱམས། གནས་སྐོར་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལི་ཀྲན་ཧྲུའུ་ཡིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོར་ལའོ་ཝའོ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཐད་ལ་མཛུབ་སྟོན་བསམ་འཆར་གལ་ཆེན་གནང་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ལའོ་ཝའོ་རྒྱལ་ཚོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོངས་ལ་ཤུགས་བསྣན་ཏེ། ཁྲིམས་ལུགས་ཀྱི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་འདོད་ཡོད་ཟེར།

པ་ཉི་ཡིས་བཤད་རྒྱུར། ལའོ་ཝའོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་སེམས་གཏིང་ནས་རྟེན་འབྲེལ་དང་། ཀྲུང་གོ་རྒྱལ་ཁབ་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་ཁྱོན་ཡོངས་ནས་བརྗིད་ཉམས་ཆེ་ཞིང་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་མཉམ་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་མིང་རྟགས་བཀོད་པའི་ལའོ་ཝའོ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།