ཟླ12པའི་ཚེས17ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྲན་ཏུང་དམག་གྲུ་ཧའེ་ནན་སན་ཡ་དམག་དོན་གྲུ་ཁ་ག་གེ་མོར་མཚོ་དམག་ལ་རྩིས་སྤྲོད་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་དང་འབྲེལ་དམག་གྲུར་གཟིགས་ཞིབ་ཀྱང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་མཚོ་དམག་དམག་གྲུ་བསུ་མཁན་དཔུང་སྡེར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས17ཉིན། རང་རྒྱལ་གྱིས་ཐོག་དང་པོར་བཟོས་པའི་གནམ་ཐང་གྲུ་གཟིངས་ཧྲན་ཏུང་དམག་གྲུ་ཚེས17ཉིན་གྱི་ཕྱི་དྲོར་ཧའེ་ནན་སན་ཡ་དམག་དོན་གྲུ་ཁ་ག་གེ་མོ་རུ་མཚོ་དམག་ལ་རྩིས་སྤྲོད་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
ཧའེ་ནན་སན་ཡའི་རྒྱ་མཚོ་དང་ནམ་མཁའི་ཁ་མདོག་ཡུག་གཅིག་ཏུ་འདྲེས་ཤིང་ཉི་འོད་དྲོད་ལ་རླུང་བུ་འཇམ། དམག་དོན་གྲུ་ཁ་རུ་བརྟན་ཞིང་བརླིང་བའི་ཧྲན་ཏུང་དམག་གྲུའི་སྟེང་དར་དམར་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད་ལ། མཚོ་དམག་རུ་དཔུང་དང་གནམ་ཐང་གྲུ་གཟིངས་ལས་བཟོའི་ལས་ཁུངས་ཀྱི་འཐུས་མི5000ཙམ་གྲུ་ཁར་སྟར་ཕྲེང་བསྒྲིགས་པ་སོགས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་སྐར་ལྔའི་དར་དམར་དལ་གྱིས་མཁའ་རུ་བསྒྲེངས། གཟབ་སྦྲེང་གུས་དམག་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་སྲུང་ནས་རྐང་ཐང་དུ་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་ཧྲན་ཏུང་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ལ་གནང་། ཧྲན་ཏུང་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས་ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་བླངས། ཞི་ཅིན་ཕིང་གིས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་རེད། རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་སྒྲིལ་བ་རེད།
ཟླ12པའི་ཚེས17ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྲན་ཏུང་དམག་གྲུ་ཧའེ་ནན་སན་ཡ་དམག་དོན་གྲུ་ཁ་ག་གེ་མོར་མཚོ་དམག་ལ་རྩིས་སྤྲོད་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་དང་འབྲེལ་དམག་གྲུར་གཟིགས་ཞིབ་ཀྱང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་མཚོ་དམག་དམག་གྲུ་བསུ་མཁན་དཔུང་སྡེར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བའི་ཚུལ་རེད།
དེ་རྗེས་ཞི་ཅིན་ཕིང་ཧྲན་ཏུང་དམག་གྲུའི་སྟེང་ཕེབས་ནས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང། ཞི་ཅིན་ཕིང་གིས་འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་ཞིབ་གནང་ནས་དམག་གྲུའི་གནམ་གྲུའི་འཕུར་སྐྱོད་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། ཞི་ཅིན་ཕིང་འཁོར་སྒྱུར་ཁང་དུ་ཕེབས་ནས་དཔོན་དམག་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གྲུ་ཁར་གནམ་ཐང་གྲུ་གཟིངས་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་གནམ་ཐང་གྲུ་གཟིངས་ལས་བཟོ་ལས་ཁུངས་ཀྱི་འཐུས་མིར་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ལས་བཟོ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཁོང་ཚོར་སླར་ཡང་མུ་མཐུད་དུ་ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་འཇོག་དགོས་པའི་རྟིང་སྐུལ་གནང་བ་རེད།
ཏིང་ཞུའེ་ཞང་དང་། ལིག་ཧི། ཧི་ལིས་ཧྥུན་བཅས་དང་དེ་བཞིན་ལི་ཙུའོ་ཁྲེན་བཅས་མཛད་སྒོར་ཞུགས་ཡོད། ཀྲང་ཡིའུ་ཞ་ཡིས་མཛད་སྒོར་གཙོ་སྐྱོང་གནང་ནས་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་རྩིས་སྤྲོད་རྩིས་ལེན་བྱས་པ་དང་གྲུ་གཟིངས་གི་མིང་དང་གྲུ་རྟགས་ཁྱབ་བསྒྲགས་བྱས།
ཟླ12པའི་ཚེས17ཉིན། རང་རྒྱལ་གྱི་རང་རྒྱལ་ནས་ཐོག་དང་པོར་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྲན་ཏུང་གྲུ་གཟིངས་ཧའེ་ནན་སན་ཡ་དམག་དོན་གྲུ་ཁ་ག་གེ་མོར་མཚོ་དམག་ལ་རྩིས་སྤྲོད་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་དང་འབྲེལ་དམག་གྲུར་གཟིགས་ཞིབ་ཀྱང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་མཚོ་དམག་དམག་གྲུ་བསུ་མཁན་དཔུང་སྡེར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བའི་ཚུལ་རེད།
ཀྲུང་གོ་གྲུ་གཟིངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའེ་ཧྥན་ཕའེ་དང་། མཚོ་དམག་གི་དམག་སྤྱི་ཧྲེན་ཅིན་ལུང་གིས་མཛད་སྒོའི་ཐོག་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་དེར“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ཧྲན་ཏུང་དམག་གྲུ”ཞེས་མིང་བཏགས་པ་དང་། གྲུ་རྟགས་ནི“17”རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ལྷོ་རྒྱུད་འཐབ་ཁུལ། མཚོ་དམག ཧའེ་ནན་ཞིང་ཆེན་བཅས་དང་དེ་བཞིན་གནམ་ཐང་གྲུ་གཟིངས་ལས་བཟོ་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་མཛད་སྒོར་ཞུགས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་དང་པོ་མཚོ་དམག་ལ་རྩིས་སྤྲོད་བྱས་ཤིང་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ།