ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་བོད་རིགས་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་མི་རིགས་སློབ་གླིང་གཉིས་ཀྱིས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པ།

ཡོང་ཁུངས། : ཀྲུང་གོའི་བོད་རིགས་པ་ཞིབ་འཇུག་ལྟེ་གནས།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信截图_20191217212511.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12ཚེས17ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་མི་རིགས་སློབ་གླིང་གཉིས་ཀྱིས་པེ་ཅིང་དུ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་རིག་གཞུང་ཞིབ་འཇུག་དང་། ཤེས་ལྡན་པ་གསོ་སྐྱོང་། ཆ་འཕྲིན་རྒྱུ་ཆ་རྗེས་རེས། རིག་གཞུང་གྲུབ་འབྲས་དཔེ་སྐྲུན་སོགས་ཀྱི་ཐད་ལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

 མིང་རྟགས་འགོད་པའི་མཛད་སྒོ་མ་འཚོགས་སྔོན་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་། སྤྱི་ཁྱབ་འགན་འཛིན་གཞོན་པ་ཧྭ་ཡན་ལུང་། ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲེང་། ཀྲུའུ་རེན་གཞོན་པ་ལི་ཙུའོ་ཐའེ། དེང་རབས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཏུའུ་ཡུང་པིན་བཅས་ཀྱིས་སི་ཁྲོན་མི་རིགས་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་ཚུའེ་ཡུས་ཧྥུང་དང་། ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ་ལིང་ལི། ཏང་ཨུའི་ཨུ་ཡོན་དང་ཚན་ཞིབ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཡུང་སོགས་དང་བཞུགས་མོལ་གནང་བ་རེད། 

ཧྲུའུ་ཅི་ཚུའེ་ཡུས་ཧྥུང་གིས་སི་ཁྲོན་མི་རིགས་སློབ་གླིང་གིས་བོད་རིགས་ས་ཁུལ་དུ་གཞི་ཚུགས་པ་དང་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་པའི་ཞིབ་འཇུག་ཐོན་ཁུངས་ཡོད་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཉམ་ལས་བྱས་ནས་ཡུལ་དངོས་བརྟག་ཞིབ་བྱས་ཏེ་སློབ་གྲྭ་དེའི་རིག་གཞུང་ཞིབ་འཇུག་དང་ཤེས་ལྡན་པ་གསོ་སྐྱོང་ཐད་ལ་ཐུན་མོང་ཐོག་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

微信截图_20191217212524.jpg

སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚབ་བྱས་ནས་སི་ཁྲོན་མི་རིགས་སློབ་གླིང་ལ《བཀྲ་ཤིས་ནོར་མཛོད》ཀྱི་པར་དེབ་དཔེ་སྦྱིན་གནང་བ་མ་ཟད། སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་མི་རིགས་སློབ་གླིང་གཉིས་ཀྱིས་ཕན་ཚུན་གྱི་ལེགས་ཆ་གསབ་རེས་བྱེད་པར་མཉམ་ལས་ཀྱི་མདུན་ལམ་བཟང་པོ་ལྡན་ལ། ཕྱོགས་གཉིས་ཀྱིས་མཉམ་འགུལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་བོད་རིག་པ་ཞིབ་འཇུག་བྱེད་པའི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོར་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

微信截图_20191217212535.jpg

ཀྲུའུ་རེན་ལི་ཏེ་ཁྲེང་དང་ཧྲུའུ་ཅི་ཚུའེ་ཡུས་ཧྥུང་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད་པ་རེད། སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིགས་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཚབ་བྱས་ཏེ་སི་ཁྲོན་མི་རིགས་སློབ་གླིང་ལ《བཀྲ་ཤིས་ནོར་མཛོད》ཅེས་པའི་པར་དེབ་སྤྲད་པ་རེད།། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།