ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་བཅུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་སྣེ་ཚོགས་འདུར་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་དཔོན་པོ་ཟུར་པ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125353845_15765108236831n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅུ་དྲུག་ཉིན་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིག་ཧྲན་ཡོའུ་ཅི་ཧྥུའུ་སོགས་ཕྱི་རྒྱལ་གྱི་དཔོན་པོ་ཟུར་པ་དང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོའི་འཐུས་ཚབ་པར་མཇ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་འཕེལ་རྒྱས་སུ་གཏོང་ན་རྒྱལ་སྤྱིའི་ཁོར་ཡུག་བཟང་བོ་དང་འབྲལ་ཐབས་མེད་ལ། ཀྲུང་གོ་འཕེལ་རྒྱས་སུ་སོང་ན་འཛམ་གླིང་ལ་ཕན་འདོགས་ཐུབ། ཀྲུང་གོ་སྲིད་གཞུང་གིས་ནམ་ཡང་དམངས་ཁྲོད་ཀྱི་ཕྱི་འབྲེལ་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བཞིན་ཡོད་པས། རྒྱལ་ཁབ་སོ་སོའི་དམངས་ཁྲོད་ཀྱི་མཛའ་བརྩེའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་སོ་སོ་བར་གྱི་བརྗེ་རེས་དང་གླེང་མོལ། མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་གཏན་འཇགས། དར་རྒྱས་སུ་གཏོང་བའི་ཐད་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་སྣོན་དགོས། ཁྱེད་ཚོ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། རྗེས་ཕྱོགས་སུ་ཁྱེད་ཚོས་ཀྲུང་གོ་དང་རང་སོ་སོའི་རྒྱལ་ཁབ་བར་གྱི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཅིག་ཧྲན་ཡོའུ་ཅི་ཧྥུའུ་སོགས་ཀྱིས་ཕྱི་འབྲེལ་སློབ་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། རྗེས་ཕྱོགས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཁྲོད་བར་གྱི་མཛའ་བརྩེ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

དབྱང་ཅེ་ཁྲི་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།