ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125353846_15765086670591n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། གྲོས་ཚོགས་ཀྱི་འགན་ཁུར་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་ལམ་ལུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་རྒྱུ་བཅས་ཡིན།

ཚོགས་ཐོག་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལོ་རྒྱུས་ཀྱི་བྱས་རྗེས་དང་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ལོ་ངོ་བདུན་ཅུའི་རིང་གི་ལག་ལེན་འཕེལ་རྒྱས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཁག་དང་ཚོགས་པ་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣའི་འགོ་ཁྲིད་དེ་དཀའ་སྡུག་གི་འཚོལ་ཞིབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་བསྡུས་རིས་དང་། མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་མ་ཆད་པར་འཚར་ལོངས་བྱུང་བ་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཞུགས་པའི་བསྡུས་རིས་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོའི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་སྣོན་ན། ཁ་ཕྱོགས་ཡང་དག་པ་ཁོང་དུ་ཆུད་པར་བྱེད་པ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལག་བསྟར་བྱེད་དགོས། ཕྱོགས་གཉིས་ནས་ཤུགས་འདོན་པར་དོ་སྣང་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱེད་པའི་ཞོར་དུ། གྲོས་མོལ་བྱ་འགུལ་སྤེལ་བ་བརྒྱུད་དེ་ཐུན་མོང་གི་ལྟ་བ་ཕྱོགས་གཅིག་ཏུ་བསྒྲིལ་ནས། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་ཐད་དམངས་བློའི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིངས་དགོས། སྤུས་ཚད་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། སྤུས་འདེགས་ནུས་སྤེལ་བྱེད་རྒྱུ་དེ་རྟོག་ཞིབ་དང་གྲོས་གཞི་འདོན་པ། གྲོས་ཚོགས་ཀྱི་རྩ་འཛུགས་ཞབས་ཞུ། ལས་རིགས་སོ་སོའི་ཨུ་ཡོན་ལ་འབྲེལ་འདྲིས་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་དང་བརྒྱུད་སྒྲོག་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་སོགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། རིགས་བགར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ། རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་འགན་སྒྲུབ་བྱེད་སྟངས་ལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བའི་འབྲེལ་བར་རྒྱུས་ལོན་གསལ་བོ་བྱས་ཏེ། སྲིད་གྲོས་ནང་ཁུལ་གྱི་འགན་དབང་གསལ་བ་དང་གོ་རིམ་ཚད་དང་ལྡན་པ། འབྲེལ་བ་བཟང་བ། འཁོར་སྐྱོད་ཕན་ཡོད་ཀྱི་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ཏུ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་གཞུང་ལུགས་ཀྱིས་བྱ་བར་དྲག་ཆས་སྤྲས་པ་དང་། སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་བར་བརྟག་བཤེར་ཞིབ་འཇུག་བྱེད་པ། གྲོས་མོལ་བྱ་འགུལ་སྣ་ཚོགས་ཀྱི་སྟེགས་བུ་འཛུགས་པའི་བྱ་བར་ཞབས་འདེགས་ཞུ་བ། དུས་སྐབས་གསར་བའི་མཐུན་སྒྲིལ་མཐུན་འབྲེལ་བྱ་བ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རང་སྟེང་འཛུགས་སྐྲུན་བྱ་བ་བཅས་ལ་དམ་འཛིན་བྱེད་རྒྱུའི་རེ་བ་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆེན་ལིས་ཀྱིས་སྤྱི་སྡོམ་གཏམ་བཤད་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།