ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡོ་ཨུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125353812_15765036912381n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིན་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡོ་ཨུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་འཛིན་དཔོན་པ་ལིན་ཀྲིན་ཡོ་ཨུ་ད་ཐེངས་པེ་ཅིན་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱེད་དུ་ཡོང་བར་ཕྱོགས་སོ་སོས་ཡིད་འཇོག་བྱེད་ཀྱིན་ཡོད། ཞང་ཀང་གི་སྲོལ་ཡིག་བཟོ་བཅོས་ཉམས་ཉེན་བྱུང་ནས་ད་ལྟའི་བར་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་སོ་སོར་གནོད་འཚེ་བཟོས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་རྦད་ཆོད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཁྱོད་རང་སྲིད་འཛིན་དཔོན་པོ་ཡིན་པའི་ཆ་ནས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ལ་འགོ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞང་ཀང་གི་ཡུན་རིང་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་ངེས་ཡིན། དེང་སྐབས་ཞང་ཀང་ད་དུང་དཀའ་ཁག་ལས་ཐར་མེད་པས། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཁྲིམས་ལྟར་རྙོག་གྲ་བཟོ་བ་གཏན་འགོག་བྱེད་པ་དང་སྒྲིག་ལམ་སླར་གསོ་བྱེད་དགོས་པར་མ་ཟད་ཞང་ཀང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་པར་ཞིབ་འཇུག་ནན་མོ་བྱེད་དགོས་ཟེར།

ལིན་ཀྲིན་ཡོ་ཨུ་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་ཞང་ཀང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཁྲོད་དུ་ཛ་དྲག་རྣམ་པ་བྱུང་བ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ་སྒྲིག་ལམ་སླར་གསོ་བྱས་པ་དང་ཁེ་ལས་ལ་རོགས་སྐྱོར་བྱས་པ། མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས། ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་པ། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་། མཚོ་འགྲུལ་ལྟེ་གནས་གོ་གནས་སྲ་བརྟན་དུ་གཏོང་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།