ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ལིན་ཀྲིན་ཡེ་ཨུ་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1576547026601967.jpg

ཟླ12པའི་ཚེས16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡེ་ཨུ་དང་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡེ་ཨུ་དང་མཇལ་འཕྲད་གནང་ཞིང་། ཁོ་མོའི་ད་ལྟའི་ཤང་ཀང་གི་གནས་བབས་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བྱ་བའི་སྙན་ཞུ་ལ་གསན་པ་རེད།

1576547053289784.jpg

ཟླ12པའི་ཚེས16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲིན་ཡེ་ཨུ་དང་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་འདི་ནི་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་རྣམ་པ་ཆེས་ཛ་དྲག་དང་རྙོག་འཛིང་ཆེ་བའི་ལོ་ཞིག་ཡིན། དཀའ་ངལ་དང་གནོན་ཤུགས་སྣ་ཚོགས་ཀྱི་མདུན་དུ་ཁྱེད་ཀྱིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་གྱི་མ་མཐའི་རྩ་དོན་བརྟན་སྲུང་དང་། ཁྲིམས་ལྟར་སྲིད་སྐྱོང་། རང་འགན་ནན་སྒྲུབ་བཅས་བྱས་ནས་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཁྱེད་ཀྱིས་ད་དུང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་བརྡ་ལན་སློག་པ་དང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ལ་རོགས་སྐྱོར་དང་། དམངས་ཀྱི་དཀའ་ངལ་ཆུང་དུ་གཏོང་བ། སྤྱི་ཚོགས་ཀྱི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བཅས་བྱས་ཡོད། ཞང་ཀང་གི་དམིགས་བསལ་དུས་སྐབས་སུ་ཁྱེད་ཀྱི་སྙིང་སྟོབས་དང་འགན་འཁུར་གྱི་བསམ་པ་མངོན་པར་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་གནང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཟླ11པའི་ཚེས14ཉིན་ང་རང་པ་ཞི་གསེར་འགྱིག་རྒྱལ་ཁབ་ཀྱི་འགོ་ཁྲིད་མཇལ་འཛོམས་ཐེངས11པར་ཞུགས་པའི་སྟེང་གནང་བའི་གསུང་བཤད་དེའི་ཐོག་ནས། ཀྲུང་དབྱང་གིས་ཤང་ཀང་གི་དུས་བབ་ལ་བཟུང་བའི་གཞི་རྩའི་ལངས་ཕྱོགས་དང་རྣམ་འགྱུར་གསལ་བོར་བསྟན་ཡོད་ལ། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་གསལ་བོར་བསྟན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་མུ་མཐུད་དུ་ཁྱེད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་དང་། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འཛིན་ནན་པོ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ངེས་ཡིན་པ་དང་། རྒྱལ་ཁབ་ལ་གཅེས་པ་དང་ཤང་ཀང་ལ་ཞེན་པའི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བཅས་བྱ་རྒྱུ་དང་འབྲེལ་ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ཤང་ཀང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སླར་ཡང་ཡང་དག་པའི་སྲོལ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧན་ཀྲིན་དང་། ཏིན་ཞུའེ་ཞང་། དབྱང་ཅེ་ཁྲེ། ཀུའོ་ཧྲིན་ཁོན། ཡིག་ཆོན་སོགས་མཇལ་འཕྲད་ཚོགས་འདུའི་སྟེང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།