ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་སློབ་གསོ་སློབ་ཁྲིད་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་སློབ་གསོ་སློབ་ཁྲིད་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་སློབ་གསོ་སློབ་ཁྲིད་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པའི་སྐོར་གྱི་བསམ་འཆར་འགའ་ལས་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་གཅིག་གྱུར་སྒོས་ལྟ་ཞིབ་ཞིབ་བཤེར་དཔྱད་སྡུར་དཔྱད་འཇོག་ལས་དོན་ཚད་ལྡན་དུ་གཏོང་བ། གཅིག་གྱུར་སྒོས་སྤྱི་ཚོགས་ལས་དོན་སློབ་གྲྭར་སྐྱོད་པ་ཚད་ལྡན་དུ་གཏོང་བ། གཅིག་གྱུར་སྒོས་ཁུ་བསྡུའི་འབྲེལ་ཡོད་ཡར་ཞུའི་རེའུ་མིག་འབྲི་བའི་བྱ་བ་ཚད་ལྡན་དུ་གཏོང་བ། གཅིག་གྱུར་སྒོས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྐོང་འཐེན་གཡོར་བཀོལ་ལས་དོན་ཚད་ལྡན་དུ་གཏོང་བ། རྩ་འཛུགས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་བཅས་ཕྱོགས་དྲུག་ནས་སྤྱི་ཚོགས་ཡོངས་ཀྱི་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་བོ་སྐྲུན་པ་དང་། དགེ་རྒན་རྣམས་ཀྱིས་བློ་བདེ་བག་ཕེབས་ཀྱི་སྒོ་ནས་སློབ་གསོ་གཉེར་བར་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་འཆར་གྱི་དགོངས་དོན་གཞིར་བཟུང་སྟེ་ཁུར་བོ་ཇེ་ཡང་དུ་གཏོང་བའི་གསལ་ཁྲ་གཏན་འཁེལ་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།