ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་དང་ཚེས་བཅུ་གསུམ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་གང་ལེགས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དང་ལས་འགན་ལ་དམ་དུ་སྦྲེལ་ནས། ཏན་ཏན་ཏིག་ཏིག་སྒོས་གཞི་རིམ་དྲིལ་སྒྲོག་བྱ་བ་དང་ཞིང་སྡེའི་རིག་གནས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་འབྱོར་འབྲིང་ལམ་དུ་སྐྱོད་པའི་སྣང་ཚུལ་བཟང་བོ་སྐྲུན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧོང་ཁུན་མེན་སྔ་གཞུག་ཏུ་ཞུའུ་ཀྲིག་གྲོང་ཁྱེར་གྱི་ཅ་ཝང་ས་ཁུལ་དང་ནན་ཅིན་གྲོང་ཁྱེར་གྱི་ཅང་ཉིན་ས་ཁུལ་སོགས་སུ་སོང་སྟེ་དཔལ་འབྱོར་དྲིལ་སྒྲོག་བྱ་བ་དང་བསམ་བློ་ཤེས་རིག་འཛུགས་སྐྲུན། གཞི་རིམ་དྲིལ་སྒྲོག་རིག་གནས་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཞིབ་ཏུ་ཉན།

ཧོང་ཁུན་མེན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཤུགས་ཆེན་པོས་ད་ལོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དྲིལ་སྒྲོག་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལ་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་དྲིལ་སྒྲོག་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་སྤྱིའི་རེ་བ་དང་དམིགས་འབེན་ལས་འགན་དྲིལ་སྒྲོག་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།