ཀྲུང་གོ་བོད་ཀྱི་དྲ་བ།

༄༅༎འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཀྲུང་དབྱང་གིས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་འདི་ལོའི་དཔལ་འབྱོར་ལས་དོན་ལ་ནན་ཏན་ངང་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པས། ང་ཚོས་ཡིད་ཆེས་བརྟན་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་མཇུག་ཕུན་སུམ་ཚོགས་པོའི་ངང་སྒྲིལ་ཐུབ་པའི་འགན་ལེན་བྱ་རྒྱུའི་ངོས་ནས་བརྗོད་ན། གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་ཞིག་རེད།

འདི་ལོ་ཤར་ཚུན། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་འཕྲད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབས་པས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་མངོན་འགྱུར་བྱུང་ཚད་སྔོན་དཔག་བྱས་པ་དང་མཐུན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གལ་ཆེའི་འཕེལ་རྒྱས་གསར་པ་བྱུང་ཡོད།

ཕྱི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་མཇུག་བསྡུ་བའི་ལོ་ཞིག་རེད། ཕྱི་ལོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་རྨང་གཞི་ཡག་པོ་འདིང་དགོས། དེ་ནི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་ཤིག་ཡིན་ལ་འགག་སྒྲོལ་གྱི་དུས་ཤིག་ཀྱང་ཡིན། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ལས་འགན་གཙོ་བོར་དམིགས་མཁས་པོ་དང་ལས་དོན་གཙོ་བོར་དམ་འཛིན་བྱེད་མཁས་པོ་དགོས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་རྒྱུ་ནི་ཕྱི་ལོའི་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་པ་ལ་ཏན་ཏིག་སྒྱུར་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། དུས་རབས་གསར་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མུ་མཐུད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དངུལ་རྩའི་ཉེན་ཁ་ཆེ་རིགས་མ་ཐོན་པའི་འགན་ལེན་བྱེད་དགོས། དམངས་འཚོ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་ལེགས་སུ་ནུས་ལྡན་འགྲོ་བའི་འགན་ལེན་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བའི་ཐད་ནས་མངོན་པར་བྱེད་དགོས་པ་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་མི་ཚོགས་ལ་སྲིད་ཇུས་དོན་འཁྱོལ་དང་། གཏོང་ཆ་གཏོང་ཤུགས་ཆེར་གཏོང་། འགན་སྲུང་ནུས་ལྡན་ཐུབ་པ་བཅས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་ལག་བསྟར་བྱེད་དགོས་ཤིང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་དགོས་པ་དང་། དངུལ་ལོར་སྲིད་ཇུས་བརྟན་པོ་སྟབས་བསྟུན་འོས་འཚམ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། སྲ་བརྟན་དང་། ཤུགས་སྣོན། མཐོར་གཏོང། ཤར་གཏོང་བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ཡར་སྐུལ་དང་སྒྱུར་བཅོས་སྒོ་དབྱེའི་འཁོར་ལོ་གཉིས་ལ་བརྟེན་ནས། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་སྔོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཧྲིལ་པོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱེད་དགོས། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་ཀྱི་ཐད། ཆུ་ཚད་དེ་བས་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་སྒོ་དབྱེ་དེ་ཁྱབ་ཁོངས་སྔར་བས་ཆེ་བ་དང་། ས་ཁོངས་སྔར་བས་ཆེ་བ། རིམ་པ་སྔར་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་འཕེལ་རྒྱས་ཀྱི་བར་མཐོངས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་ལ་འཁེལ་བ་དང་། ལས་འགན་དཀའ་ཚེགས་ཆེ་བ། འགན་འཁྲི་ཤིན་ཏུ་ལྕི་བས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ནུས་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་ཆེན་མཐའ་གཅིག་ཏུ་ལེན་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།