ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་མཛད་སྒོ་བསྡུས་པ་དང་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་རྣམས་ལ་བཀའ་རྒྱའི་དཔང་ཡིག་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125340398_15761488767631n.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་རྣམས་ལ་བཀའ་རྒྱའི་དཔང་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་མཛད་སྒོ་ཚེས་བཅུ་གཉིས་ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་རྣམས་ལ་བཀའ་རྒྱའི་དཔང་ཡིག་གནང་།

ཕྱི་དྲོའི་དུས་བཞི་དང་སྐར་མ་ལྔ་བཅུ་ཡས་མས་སུ། གོ་གནས་སྤྲོད་པའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཡིས་གོ་གནས་སྤྲོད་པའི་མཛད་སྒོར་འགོ་འཛིན་བྱས།

ཐེངས་འདིར་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་དམག་དཔོན་ནི་ཤར་ཕྱོགས་གཡུལ་འགྱེད་ས་ཁུལ་གྱི་དམག་སྤྱི་ཆེན་མོ་ཧི་ཝེ་ཏུང་དང་ཆབ་སྲིད་ཨུ་ཡོན་ཧི་ཕེན། ལྷོ་ཕྱོགས་གཡུལ་འགྱེད་ས་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཅིན་ཝུའུ། བྱང་ཕྱོགས་འཐབ་ཁུལ་གྱི་དམག་སྤྱི་ཆེན་མོ་ལི་ཆོ་མེན། མེ་ཤུགས་འཕུར་མདའི་དམག་སྤྱི་ཆེན་མོ་ཀྲིག་ཡ་ཉིན། འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་ཆེན་མོ་ལི་ཧྥིན་པའོ། དམག་དོན་ཚན་རིག་སློབ་གླིང་སློབ་གཙོ་དབྱང་ཞོའེ་ཅོན་བཅས་རེད།

ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲད་པའི་དམག་དཔོན་བདུན་པོས་དམག་མིའི་ཉམས་འགྱུར་ནན་མོ་དང་དཔའ་ཉམས་ཆེར་བསྐྱེད་ཀྱི་སྒོ་ནས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཐོན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཚོར་བཀའ་རྒྱའི་དཔང་ཡིག་གནང་བར་མ་ཟད། ཁོ་ཚོར་སྙིང་ཉེ་བའི་ངང་ནས་ཕྱག་འཇུ་གནང་སྟེ་རྟེན་འབྲེལ་ཞུས།

ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་མཛད་སྒོ་རྔམ་བརྗིད་ལྡན་པའི་དམག་གླུའི་ཁྲོད་ནས་མཇུག་སྒྲིལ་བ་དང་། དེའི་རྗེས་སུ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲད་པའི་དམག་དཔོན་རྣམས་དང་མཉམ་དུ་པར་བླངས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥིན་ཧི་དང་ལི་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན། ཀྲུང་དབྱང་དམག་ཨུའི་ལས་ཁུངས་སོ་སོའི་འགོ་ཁྲིད་པ། པེ་ཅིན་དུ་སྡོད་པའི་འཐབ་ཁུལ་ཆེན་པོ་གཞོན་པ་ཡན་གྱི་འགན་ཁུར་འགོ་ཁྲིད་པ་བཅས་ཧྲང་ཅང་དམག་དཔོན་གྱི་ཐོབ་ཐང་སྤྲོད་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།