ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་དགུ་ལོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་ཐང་གླེང་སྟེགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125335597_15760700081781n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཉིས་སྟོང་བཅུ་དགུ་ལོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་གླེང་སྟེགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གླེང་སྟེགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ཤེས་རིག་སྣ་མང་ཅན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གཏམ་བཤད་གནང་།

ཧོང་ཁུན་མེན་གྱིས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་ནི་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ནམ་ཡང་རེ་སྙེག་བྱེད་པའི་བྱ་གཞག་ཅིག་ཡིན། ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་གྱུར་བར་བསུ་མ་བྱེད་པའི་ལོ་ངོ་བདུན་ཅུ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གཞི་རྩའི་ཁེ་དབང་སྣ་ཚོགས་ལ་རྒྱུན་མཐུད་སྒོས་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལོ་ངོ་བདུན་ཅུ་ཡིན་པ་དང་། ཀྲུང་གོས་འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་ལོ་ངོ་བདུན་ཅུ་ཡང་ཡིན། རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ་འདིའི་ཁྲོད་དུ་ཀྲུང་གོ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་རིན་ཐང་བྲལ་བའི་ཉམས་མྱོང་གང་མང་བསགས། ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་དུ་འཇོག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ་གཞི་རྩ་རུ་འཛིན་བཞིན་ཡོད། ཀྲུང་གོས་འགྲོ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མཉམ་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱིས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱི་བདེ་སྐྱིད་ཚོར་སྣང་དང་ཐོབ་ཚོར། བདེ་འཇགས་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཕྱི་འབྲེལ་པུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་བརྒྱད་ཅུ་ལྷག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མཐོ་རིམ་དཔོན་རིགས་དང་ཆེད་མཁས་པ། ཤེས་ཡོན་ཅན། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སོགས་མི་སུམ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།