ཀྲུང་གོ་བོད་ཀྱི་དྲ་བ།

ཡོའུ་ཏའོ་ཡིག་བསྒྱུར་དཔོན་ཞེས་པའི་མ་ལག་ཁྲོད་ཐོག་མར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྣ9ལ་རྒྱབ་སྐྱོར་ཐོབ་ཡོད་པ།

ཡོང་ཁུངས། : TechWeb     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1WechatIMG562.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན། ཝང་དབྱི་ཡོའུ་ཏའོ་མངའ་འོག་གི་དྲ་སྟེང་སློབ་སྦྱོང་ཡོ་ཆས་ཡོའུ་ཏའོ་དཔོན་ཞེས་པའི་ཡིག་བསྒྱུར་མ་ལག་ཁྲོད་གསར་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིག་བསྒྱུར་གྱི་བྱེད་ནུས་བསྣན་ཡོད་པ་རེད། དེས་རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་བསྒྱུར་གྱི་གཞུང་ཕྱོགས་ལས་ཁུངས་ཏེ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ཡི་གྲངས་ཉུང་མི་རིགས་སྐད་ཡིག་གི་གཞི་གྲངས་ཡོའུ་ཏའོ་ཡིག་བསྒྱུར་མ་ལག་ཏུ་ཚུད་པར་བྱས། འདིས་ཡོའུ་ཏའོ་ཡིག་བསྒྱུར་གཞུང་ཕྱོགས་ལ་མི་རིགས་སྐད་ཡིག་ཐད་ཀྱི་ཅུང་དབང་གྲགས་ལྡན་པའི་ཡིག་བསྒྱུར་གཞི་གྲངས་ཐོབ་ཡོད་པ་མཚོན། 

ཐེངས་འདིའི་ཡོའུ་ཏའོ་དཔོན་ཞེས་པའི་ཡིག་བསྒྱུར་མ་ལག་ཁྲོད་བོད་ཡིག་དང་སོག་ཡིག   ཡུ་གུར་གྱི་ཡི་གེ་དང་ཁྲའོ་ཞན་གྱི་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྣ9ཡི་ཡིག་བསྒྱུར་བྱེད་ནུས་ཚུད་ཡོད་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པར་ཡིག་བསྒྱུར་གྱི་ཞབས་ཕྱི་འདོན་སྤྲོད་བྱས་པ་མ་ཟད། ཝང་དབྱི་ཡོའུ་ཏའོ་དང་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་གཉིས་བར་འཐབ་ཇུས་མཉམ་ལས་བྱེད་འགོ་ཚུགས་པའང་མཚོན་ཡོད།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ནི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་བསྒྱུར་གྱི་ལས་ཁུངས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་དང་ཚོགས་འདུ་གལ་ཆེན་གྱི་མི་རིགས་སྐད་ཡིག་ཡིག་བསྒྱུར་ལས་དོན་གྱི་འགན་འཁུར་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིག་བསྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཐད་ལ་ཞིབ་འཇུག་གི་ལས་དོན་གཙོ་བོའི་འགན་འཁུར་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ཡོའུ་ཏའོ་དཔོན་ཞེས་པའི་ཡིག་བསྒྱུར་མ་ལག་ཁྲོད་མི་རིགས་སྐད་ཡིག་གི་ཡིག་བསྒྱུར་བྱེད་ནུས་ཁ་སྣོན་བྱས་པ་ནི་ཝང་དབྱི་ཡོའུ་ཏའོ་ཡིས་ནང་དོན་ལེགས་བསྒྱུར་བྱེད་པའི་གོ་རིམ་ཁྲོད་ཀྱི་ཁ་གསབ་ཐེངས་ཤིག་རེད། དེ་སྔོན། ཝང་དབྱི་ཡོའུ་ཏའོ་ཡིས་ཉིའུ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་དང་། ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་། ཧྲང་ཧའེ་ཡིག་བསྒྱུར་དཔེ་སྐྲུན་ཁང་བཅས་ཚུད་པའི་ཆེད་ལས་ལས་ཁུངས་ཀྱི་པར་སྐྲུན་བྱས་པའི་ནང་དོན་ལེགས་པོ་གང་མང་ནང་འཇུག་བྱས་ཡོད། དེའི་ཁྲོད《ཉིའུ་ཅིན་གསར་པའི་དབྱིན་རྒྱ་གཉིས་འགྲེལ་ཚིག་མཛོད(པར་གཞི་གཉིས་པ)》དང་། 《དུས་རབས་གསར་པའི་ཉི་རྒྱ་གཉིས་འགྲེལ་ཚིག་མཛོད་ཆེན་པོ། 《རྒྱ་དབྱིན་ཚིག་མཛོད་ཆེན་མོ(པར་གཞི་གསུམ་པ)》སོགས་ཆེད་ལས་ཀྱི་ཚིག་མཛོད་མང་པོ་བསྡུས་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།