ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་གསུམ་གྱིས་དཔྱིད་གསར་དུས་ཆེན་གྱི་གོང་དུ་དགུན་དཔྱིད་ཀྱི་གེགས་སེལ་མ་དངུལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་དགོས་ཞེས་བསྟན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། འཕྲལ་སྡོམ་དོ་དམ་པུའུ་ཡིས་དེ་ཉིན་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་དཔྱིད་གསར་དུས་ཆེན་གྱི་གོང་དུ་ཀྲུང་དབྱང་དང་ས་གནས་རིམ་པ་ཁག་གིས་བཀོད་སྒྲིག་བྱས་པའི་དགུན་དཔྱིད་ཀྱི་གེགས་སེལ་མ་དངུལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག ས་ཁུལ་ཁག་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། མ་དངུལ་གཏོང་རྒྱུ་དོན་འཁྱོལ། གོ་རིམ་དང་ཚད་གཞི་ནན་དུ་གཏོང་བ། རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་ཆབས་ཅིག་འཕྲལ་སྡོམ་དོ་དམ་སྡེ་ཚན་དང་དམངས་སྲིད་སྡེ་ཚན་གྱི་ལས་དོན་སྦྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དེ་བས་ཕྱོགས་ཡོངས་ཀྱི་འགན་སྲུང་གང་ལེགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག མིག་སྔར་ནི་དགུན་ཨ་རང་ད་རང་ཆགས་ཟིན་ནས་ས་ཁུལ་ཁག་གཅིག་ལ་གཞི་ཁྱོན་ཆེ་བའི་དྲོད་ཚད་ཆག་པ་དང་གངས་བབས་པའི་གནམ་གཤིས་བསྟན་པ་དང་། ས་ཡོམ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཡང་སེ་ཐོན་གྱི་ཡོད་པས་གནོད་འཚེའི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། ས་ཁུལ་ཁག་གིས་རྣམ་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་འགན་འཁྲི་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་དེ་བཞིན་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གོམ་སྟབས་རྗེས་མར་འཕྲལ་སྡོམ་དོ་དམ་པུའུ་ཡིས་ནོར་སྲིད་པུའུ་དང་མཉམ་དུ་2019ལོ་ནས་2020ལོའི་བར་གྱི་ཀྲུང་དབྱང་གི་དགུན་དཔྱིད་གེགས་སེལ་མ་དངུལ་གང་མགྱོགས་གཤམ་སྤྲོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་ཁུལ་ཁག་ལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།