ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་པེ་ཅིང་ཟློས་གར་ཁང་གིས་ཟློས་གར་ཁང་བཙུགས་ནས་ལོ་65འཁོར་བར་བསུ་བ་ཞུ་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་ལྟར། རྒྱལ་ཁབ་པེ་ཅིང་ཟློས་གར་ཁང་གིས་ཟློས་གར་ཁང་བཙུགས་ནས་ལོ65འཁོར་བར་བསུ་བ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ཚེས11ཉིན། ཟློས་གར་ཁང་བཙུགས་ནས་ལོ65འཁོར་བའི་རིམ་སྤེལ་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུའི་ཐོག་རྒྱལ་ཁབ་ཅིན་ཅུས་ཟློས་གར་ཁང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་སུང་ཁྲེན་གྱིས། ཐེངས་འདིའི་རྟེན་འབྲེལ་ཚོགས་འདུར་འཁྲབ་སྟོན་མི་སྣ་ཡོངས་ཀྱིས2020ལོའི་ཟླ1པོའི་ཚེས1ཉིན་ནས་ཚེས17ཉིན་བར་མེ་ལན་ཧྥང་ཟློས་གར་ཁང་ཆེན་མོ་ནས་ལྟད་མོ་བ་རྣམས་ལ་རྒྱུན་མཐུད་ཅན་གྱི་འཁྲབ་སྟོན་ཐེངས18བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་ཞེས་བཤད་པ་རེད། ཐེངས་འདིར་འཁྲབ་སྟོན་བྱེད་པའི་འཁྲབ་ཚན་མཐའ་དག་ནི་རྒྱལ་ཁབ་ཅིན་ཅུས་ཟློས་གར་ཁང་གི་ཕུལ་བྱུང་ཟློས་གར་ཏག་ཏག་ཡིན་ལ། གྲུབ་མཐའ་འདྲ་མིན་སྣ་ཚོགས་འདུས་ཤིང་འཁྲབ་སྟོན་གྲགས་ཅན་རྣམས་ཞུགས་ཡོད། དེ་ལས་གཞན་པའི་འཁྲབ་སྟོན་པ་ཁག་གཅིག་ནི་སྤུན་ཟླ་ཟློས་གར་ཁང་དང་སྒྱུ་རྩལ་བ་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན།  2020ལོའི་ཟླ1ཚེས10ཉིན་རྒྱལ་ཁབ་ཅིན་ཅུས་ཟློས་གར་ཁང་བཙུགས་ནས་ལོ65འཁོར་བའི་དྲན་གསོའི་ཉིན་མོར་ཟློས་གར་ཁང་གིས་ཅིན་ཅུས་སྒྱུ་རྩལ་འགྲེམས་སྟོན་གྱི་བཤམས་སྟོན་ཁང་སྒོ་འབྱེད་པའི་མཛད་སྒོ་དང་། ཅིན་ཅུས་གློག་བརྙན་བཟོ་སྐྲུན་དང་ཅིན་ཅུས་སྒྲ་བརྙན་བཟོ་སྐྲུན་འགྲེམས་སྟོན་གྱི་ཐོག་མའི་འགྲེམས་སྟོན་མཛད་སྒོ། 《ཏུའུ་ཅིན་ཧྥང་གི་ངག་བརྗོད་དངོས་བྲིས》ཀྱི་དཔེ་དེབ་གསར་པ་འགྲེམ་སྤེལ་མཛད་སྒོ། ཟློས་གར་ཁང་དང་ཚོགས་པའི་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་ལུགས་གསར་རྙིང་གི་ལོ་གསར་དུས་ཆེན་གཉིས་ཀྱི་སྐབས་སུ་ཧྲའན་ཤིས་དང་། ཧོ་པེ། ཧྲན་ཏུང་། ཧྲན་ཤིས་སོགས་སུ་བསྐྱོད་ནས“རིག་གནས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ནས་ལོ་གསར་དུས་ཆེན་རིང་སྒྱུ་རྩལ་ལ་བརྟེན་ནས་མི་སེམས་ལ་དྲོད་སྐྱིད་སྦྱིན་རྒྱུ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།