ཀྲུང་གོ་བོད་ཀྱི་དྲ་བ།

​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཅེས་པའི་ཨ་ལ་པའོ་སྐད་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང་བཞུགས་མོལ་ཚོགས་འདུ་མའོ་ལའོ་ཀའི་རྒྱལ་ས་ལཱ་པ་ཐི་ཞིན་ཁོང་དཔེ་མཛོད་ཁང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས་ཟླ་བཅུ་གཉིས་པའི་ཚེས་བཅུའི་ཉིན་གྱི་སྔ་དྲོར། མི་དང་མཐུན་པའི་བརྗོད་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཅེས་པའི་ཨ་ལ་པའོ་སྐད་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང་བཞུགས་མོལ་ཚོགས་འདུ་མའོ་ལའོ་ཀའི་རྒྱལ་ས་ལཱ་པ་ཐི་ཞིན་ཁོང་དཔེ་མཛོད་ཁང་དུ་བསྡུས།

མའོ་ལའོ་ཀའི་རིག་གནས་དང་ན་གཞོན་ལུས་རྩལ་དཔེ་མཛོད་ཁང་གི་ཅུའུ་ཀྲང་ཧྥ་ཐ་ཅི་ཨར་དང་མའོ་ལའོ་ཀི་རྒྱལ་ཁབ་དཔེ་མཛོད་ཁང་གི་འགོ་བ་ཧྥོ་ལན་ཉི། མའོ་ལའོ་ཀི་རྒྱལ་བོ་ཚང་གི་སློབ་ཚོགས་འགན་ཁུར་བ། མའོ་ལའོ་ཀིའི་རིག་གཞུང་ལས་རིགས་དང་པར་བསྐྲུན་ལས་རིགས་ཀྱི་འཐུས་མི། མའོ་ལའོ་ཀིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལི་ལིས། མི་དམངས་པར་བསྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞིན་ཀོང་ཝེ། གཞན་ཆིན་ཧྭ་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན། ཧྲང་ཧེའི་ཕྱི་རྒྱལ་སྐད་ཀྱི་སློབ་གྲྭ་ཆེན་མོ་སོགས་ཀྲུང་གོ་དང་མའོ་ལའོ་ཀི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་རིག་གནས། སློབ་གསོ། སྨྱད་བྱད་སོགས་ལས་རིགས་སོ་སོའི་སྐུ་མགྲོན་བརྒྱ་ལྷག་འགྲེམ་སྤེལ་མཛད་སྒོར་ཞུགས།

མི་དང་མཐུན་པའི་བརྗོད་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཅེས་པའི་དཔེ་ཆ་འདི་ནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་སྒྲིག་བཟོ་ཕྱིར་གཏོང་བྱས་པའི་ལེའུ་བཅུ་གཉིས་ཅན་གྱི་མཚན་བྱང་གཅིག་པའི་བརྙན་འཕྲིན་ཆེད་སྒྲིག་གི་རྨང་གཞིའི་སྟེང་བཅོས་སྒྲིག་བྱས་ནས་གྲུབ་པ་ཞིག་རེད། དེབ་འདིའི་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་དང་ཡིག་ཆ། གླེང་མོལ་བཅས་ཀྱི་ཁྲོད་དུ་བཀོལ་བའི་ཀྲུང་གོའི་གནའ་རབས་ཀྱི་གསུང་ཚིག་གྲགས་ཅན་དང་ཕུལ་བྱུང་གཏམ་རྒྱུད་དག་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་མངོན་པར་མཚོན་ཡོད་པར་མ་ཟད། ཁོང་གིས་སྲོལ་རྒྱུན་རིག་གནས་ཁྲོད་བསྡུ་ལེན་བྱས་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་དང་འདུ་ཤེས་མངོན་མཚོན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།