ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་སྒྲུབ་དོ་དམ་པུའུ་ཡིས་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཡོངས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། གསར་འགོད་པས་འཕྲལ་སྒྲུབ་དོ་དམ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། འཕྲལ་སྒྲུབ་དོ་དམ་པུའུ་ཡིས་ཉིན་དེར་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཡོངས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ལོ་སར་གྱི་སྔོན་ལ་ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོས་བཀོད་སྒྲིག་བྱས་པའི་དགུན་དཔྱིད་རྒུད་སྐྱོབ་མ་དངུལ་གནོད་ཐེབས་མང་ཚོགས་ལ་སྟེར་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ས་གནས་སོ་སོས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། གོ་རིམ་དང་ཚད་གཞི་ལྡན་པ། ལྟ་རྟོག་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་མཉམ་དུ་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གིས་དམངས་སྲིད་ལས་ཁུངས་ཀྱི་བྱ་བར་གཞོགས་འདེགས་དང་འབྲེལ་མཐུད་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་སྔར་ལས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་ས་ཁུལ་ཁ་ཤས་ཀྱི་ནམ་ཟླ་ཇེ་འཁྱག་ལ་སོང་ཞིང་ས་འགུལ་དང་རི་ཉིལ་བ་སོགས་ཀྱི་གནད་འཚེ་བྱུང་བ་དང་། གནོད་ཐེབས་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་རེད། ས་གནས་སོ་སོས་དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱེད་པ་དང་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ཏེ། འགན་འཁྲི་དངོས་འབེབས་ནུས་པ་ཇེ་ཆེར་གཏོང་བ་དང་གནོད་སེལ་རྒུད་སྐྱོབ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གོ་རིམ་རྗེས་མར་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་ནོར་སྲིད་པུའུ་དང་མཉམ་འབྲེལ་བྱས་ཏེ་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་ཀྲུང་དབྱང་དགུན་དཔྱིད་རྒུད་སྐྱོབ་མ་དངུལ་དུས་ལྟར་སྟེར་དགོས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ས་གནས་སོ་སོས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བཟང་བོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།