ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་རྡོ་སྣུམ་རང་བྱུང་རོལ་རླངས་སྦུགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཙུགས་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125326731_15759001399401n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས9ཉིན། རྒྱལ་ཁབ་རྡོ་སྣུམ་རང་བྱུང་རོལ་རླངས་སྦུགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྦུགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་པ་ནི་རྡོ་སྣུམ་དང་སོལ་རླངས་ལས་རིགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་རྡོ་སྣུམ་དང་སོལ་རླངས་བདེ་འཇགས་བརྟན་འཇགས་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སྡེ་ཚོགས་ཀུང་ཟི་བཙུགས་པར་རྟེན་འབྲེལ་ཞུ་བ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཚན་རིག་དང་མཐུན་པའི་བཀོལ་སྤྱོད་དོ་དམ་མ་ལག་འཛུགས་དགོས་ལ། སྣེ་གཉིས་སྒོ་འབྱེད་བྱས་པ་བརྒྱུད་དེ་འདྲ་མཉམ་འགྲན་རྩོད་ཀྱི་སྟོད་རྒྱུད་ཐོན་ཁུངས་འདོན་སྤྲོད་དང་སྨད་རྒྱུད་ཕྱིར་ཚོང་ཚོང་ར་ཆགས་པར་སྐུལ་འདེད་བཏང་ནས། རྡོ་སྣུམ་དང་སོལ་རླངས་ཐོན་ཁུངས་སྒྲིག་སྦྱོར་ཕན་ནུས་མཐོར་འདེགས་སུ་གཏོང་བ་དང་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཕྱི་བསྒྲུབ་པ་དང་མི་དམངས་ཀྱི་དགོས་མཁོར་ཞབས་ཕྱི་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།