ཀྲུང་གོ་བོད་ཀྱི་དྲ་བ།

ཨའོ་མོན་གྱིས་རྒྱལ་སྤྱིའི་ངོ་མཚར་ཆེ་བའི་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20འཁོར་བར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཟླ12ཚེས8ཉིན་ཨའོ་མོན་གྱིས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ20འཁོར་བར་རྟེན་འབྲེལ་ཞུ་བའི“2019ལོའི་ཨའོ་མོན་གྱི་རྒྱལ་སྤྱིའི་ངོ་མཚར་སྐོར་སྐྱོད་འཁྲབ་སྟོན་ཆེན་མོ”སྤེལ་བ་རེད།

2019ལོའི་ཨའོ་མོན་གྱི་རྒྱལ་སྤྱིའི་ངོ་མཚར་སྐོར་སྐྱོད་འཁྲབ་སྟོན་ཆེན་མོ་ཚེས8ཉིན་གྱི་ཕྱི་དྲོར་ཨའོ་མོན་དུ་གཉེར་བ་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་སྒྱུ་རྩལ་ཚོགས་པ་དང་ཨའོ་མོན་གྱི་སྒྱུ་རྩལ་མཁས་ཅན་ཚོ་མཉམ་དུ་ཞུགས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ད་ཐེངས་ཀྱི་སྐོར་སྐྱོད་འཁྲབ་སྟོན་ཆེན་མོ་དེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་རིག་གནས་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་རིག་གནས་ཡིན་པ་རེད། དེའི་ནང་ཞུགས་མཁན་སྒྱུ་རྩལ་ཚོགས་པ་ནི་ཡུག་རེན་དང་། ཕོ་ལན། དབྱི་ཐ་ལི་སོགས་“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ16ནས་ཡིན་པ་རེད། ཨའོ་མོན་གྱི་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་ཀྱང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ས་ཁུལ་གྱི་རིག་གནས་ཁྱད་ཆོས་གཞིར་བཟུང་ནང་དོན་གསར་རྩོམ་བྱས་ཡོད་པ་རེད།  

ཕྱི་དྲོའི་ཆུ་ཚོད3པར་རྔམ་བརྗིད་ལྡན་པའི་རྔ་སྒྲ་དེ་ཏ་སན་པ་ཕེ་ཁང་གི་མདུན་དུ་གྲགས་པ་དང་སྐོར་སྐྱོད་ཆེན་པོའི་འགོ་བརྩམས་པ་རེད། ཚོན་ཁྲ་ཅན་གྱི་རས་ཆེན་པོ་དྲུག་ཏ་སན་པ་ཕེ་ཁང་གི་མདུན་དུ་འཐེན་པ་དེས“རྒྱུད་གཅིག་ལམ་གཅིག”བརྒྱུད་པའི་ཨ་ཧྥེ་རི་ཁ་དང་། ཡོ་རོབ། ཨེ་ཤེ་ཡ་སོགས་གླིང་ཆེན་ཁག་གི་རིག་གནས་ཀྱི་ཁྱད་ཆོས་མཚོན་ཡོད། ངོ་མཚར་ཆེ་བའི་འགོ་ཚུགས་འཁྲབ་སྟོན་གྱི་རྗེས་སུ་སྐོར་སྐྱོད་ཆེན་པོའི་དཔུང་ཁག་ཨའོ་མོན་ལོ་རྒྱུས་གྲོང་ཁུལ་གྱི་ཁྲོམ་གཞུང་དུ་སྐྱོད་འགོ་ཚུགས། སྐོར་སྐྱོད་རུ་ཁག་ནི་འཁྲབ་སྟོན་པ1800ལས་གྲུབ་ཅིང་དེའི་ནང་ཞབས་བྲོ་དང་། སྒྱུ་རྩལ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་དང་དེ་བཞིན་ཨའོ་མོན་གྱི་ཞབས་བྲོ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་ཚུད་ཡོད་པ་རེད། སྐོར་སྐྱོད་རུ་ཁག་ཏ་སན་པ་ཁྲོམ་གཞུང་དང་དོན་གྲོས་ཐིང་སོགས་བརྒྱུད་དེ་ལམ་བར་དུ་ལྟད་མོ་བ་དང་མཉམ་འགུལ་བྱས་པ་དང་འབྲེལ་མཐར་ཤིས་དབན་མཚེའུའི་ཐང་ཆེན་སུ་འབྱོར་བ་རེད།

སྐོར་སྐྱོད་ཆེན་པོ་དེ2011ལོ་ནས་སྤེལ་འགོ་ཚུགས་པ་དང་འདི་ལོ་ནི་ཐེངས་དགུ་པ་གཉེར་འགོ་ཚུགས་པ་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོའི་ནང་ད་དུང་སྡེ་ཁུལ་གྱི་སྣུར་སྲིང་འཁྲབ་སྟོན་དང་སློབ་གྲྭ་མཉམ་སྤྱོད་ཚོགས་འདུ་མང་པོ་སྔ་སྣུར་དུ་འཚོགས་པ་དང་འབྲེལ་པར་ལེན་འགྲན་བསྡུར་དང་སྒྱུ་རྩལ་ཚོགས་པ་འདེམས་ཤོག་འཕེན་ནས་དཔྱད་འདེམས་བྱེད་པའི་རིམ་པ་ཡང་བཙུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།