ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་རྒྱལ་ཡོངས་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཉི་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་རྒྱལ་ཡོངས་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།

འཆར་འགོད་རྩ་གནད་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་མཉམ་བསྲེས་དུས་སྐབས་ཀྱི་གནས་བབ་གསར་བ་དང་ལས་འགན་གསར་བ་དང་མཐུན་པར་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་རྒྱལ་ཡོངས་རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ཐད་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་། དེ་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་བཟང་བོ་བྱེད་པ་དང་དུས་རབས་གསར་བའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞེས་བསྟན་ཡོད།

འཆར་འགོད་རྩ་གནད་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ལས་བྱེད་པ་གདམ་ཐོན་དང་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་འཇོག་པ་དང་འགན་འཁྲི་ལག་བསྟར་གནས་ཚུལ་དཔྱད་ཞིབ་ཀྱི་ནང་དོན་དུ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།