ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ལྕགས་རི་རིང་བོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཇུས་གཞི་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ལྕགས་རི་རིང་བོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཇུས་གཞི་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ཏེ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ཇུས་གཞིའི་ནང་བསྟན་དོན། ལྕགས་རི་རིང་བོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད་ལམ་རྒྱུད་ཀྱི་བརྗོད་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་ཤུགས་རྐྱེན་འབུར་དུ་ཐོན་པའི་རིག་དངོས་དང་རིག་གནས་ཐོན་ཁུངས་གཙོར་བཟུང་སྟེ་ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་གསར་སྐྲུན་དང་རིན་ཐང་འདུ་ཤེས། འབུར་ཐོན་ཁྱད་ཆོས་མངོན་པར་བྱེད་པ་དང་། ཚན་རིག་སྲུང་སྐྱོབ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ། ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཧུར་ཐག་སྒོས་བསམ་ཕྱོགས་རྒྱ་བསྐྱེད་ཅིང་བྱེད་ཐབས་གསར་སྐྲུན་བྱེད་པ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ནས། ལྕགས་རི་རིང་བོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད་ལམ་རྒྱུད་ཀྱི་རིག་རྫས་དང་རིག་གནས་ཐོན་ཁུངས་སྲུང་སྐྱོབ་རྒྱུན་འཛིན་བཀོལ་སྤྱོད་དང་མཐུན་སྦྱོར་ལག་བསྟར་བྱེད་པའི་རྣམ་པ་རགས་ཙམ་ཆགས་པར་བྱེད་པ་དང་། དབང་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་སྐྱེལ་འདྲེན་ལ་ཕན་ནུས་ཆེན་པོ་ལྡན་པ། ལྟ་སྐུལ་ཚད་ལྡན་གྱི་དོ་དམ་རྣམ་པ་ཐོག་མར་ཆགས་པར་བྱེད་པ། བསྐྱར་བཟོ་ཁྱབ་གདལ་གྱི་གྲུབ་འབྲས་ཉམས་མྱོང་སྐོར་ཞིག་ཆགས་པར་བྱས་ནས། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།