ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མི་ཡོངས་ལ་མཉམ་དུ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125313259_15755498051731n.jpg

ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ནས་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མི་ཡོངས་ལ་མཉམ་དུ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་ལྔ་ཉིན་པེ་ཅིན་ནས་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མི་ཡོངས་ལ་མཉམ་དུ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཐེངས་འདིའི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པའི་ལོ་རེད། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨུ་རུ་སིའི་ཆབ་སྲིད་དང་འཐབ་ཇུས་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། མི་དམངས་བར་གྱི་མཛའ་བརྩེ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སོང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བོའི་ཆུ་ཚད་དུ་སླེབས་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་ལ་རེ་བ་གསར་བ་འདོན་སྤྲོད་བྱས་ཡོད། ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཕྱི་ཕྱོགས་འབྲེལ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་མཛུབ་སྟོན་དུ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་མཛའ་བརྩེ་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་འགན་འཁྲི་རུ་བྱས་ཏེ། བརྗེ་རེས་དང་གསར་སྐྲུན་སྒོ་འབྱེད། ཕན་འབྲས་དངོས་ཐོབ་པར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འབྲེལ་བའི་འདུ་ཤེས་དེ་སྔར་ལས་མང་པོའི་འགུལ་སྐྱོད་དངོས་ལ་བསྒྱུར་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་དམངས་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཞ་པའོ་ལུང་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།