ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་ནས་ཤུགས་ཆེན་པོས་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པར་བཀོད་སྒྲིག་བྱས་ཤིང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཐག་བཅད་པ་དང་། ཞིང་བ་ལས་བཟོ་བར་གླ་ཕོགས་སྟེར་བའི་འགན་སྲུང་འཆར་ཟིན་སྲོལ་ཡིག་ལ་གྲོས་འཆམ་བྱུང་སྟེ་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་གླ་ཕོགས་ཆད་འཇོག་རྣམ་པ་བཅོས་སྐྱོང་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་བསྟན་དོན། ལས་ཞུགས་ནི་དམངས་ཚིས་ཀྱི་གཞི་རྩ་དང་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན། ད་ལོར་རང་རྒྱལ་གྱི་ལས་ཞུགས་གནས་བབ་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དང་ལོ་ཧྲིལ་བོའི་ལས་ཞུགས་སྔོན་དཔག་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱས། ཡིན་ནའང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ལས་ཞུགས་བརྟན་འཇགས་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པས། ཤུགས་ཆེན་པོས་ལས་ཞུགས་ཐོག་མར་དམ་འཛིན་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ཟེར།

དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་སྔར་ལས་ཇེ་མང་དུ་གཏོང་ཆེད། ཚོགས་ཐོག་ནས་དབང་བོ་སྐྱོན་ཅན་གྱི་འགན་སྲུང་མ་དངུལ་བསྡུ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། མི་བཀོལ་སྤྱོད་ལས་ཁུངས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བསྡུར་ཚད་ཇེ་མཐོར་གཏོང་བར་སྐུལ་མ་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་འགན་སྲུང་མ་དངུལ་དེ་ཐོག་མར་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་ལས་རིགས་གསོ་སྐྱོང་། ལས་ཞུགས་ཞབས་ཕྱི་སོགས་ཀྱི་ཐད་ལ་བཀོལ་ཏེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཞིང་བ་ལས་བཟོ་བས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས་ངེས་པར་དུ་ཁོ་ཚོས་སྡུག་རུས་ལ་བརྟེན་ནས་ཐོབ་པའི་གླ་ཕོགས་དུས་ལྟར་སྟེར་རྒྱུར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།