ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་2020ལོར་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་དེ་དབུལ་ཕོངས་གསར་བརྗེའི་རྟེན་གཞིའི་ཁུལ་དང་རྫོང་ལ་གཟིགས་སྐྱོང་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས《2020ལོར་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་དབུལ་ཕོངས་ཅན་གྱི་གསར་བརྗེའི་རྟེན་གཞིའི་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་མ་དངུལ་སྔོན་རྩིས་ཁྲོད་སྔ་སྣུར་དུ་རྩིས་སྤྲོད་བྱས་ནས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པའི་དམིགས་ཡུལ་ནི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཐོན་སྐྱེད་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

《བརྡ་ཐོའི》ནང་2020ལོར་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་དེ་དབུལ་ཕོངས་ཀྱི་ཚད་མཐོ་བ་དང་དབུལ་སྒྲོལ་ལས་འགན་ལྕི་བའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་རྫོང་ལ་ཕྱོགས་དགོས། “ཁུལ་གསུམ་དང་ཕྱོགས་གསུམ”ཁྲོད་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་རྫོང་དང་གསར་བརྗེའི་རྟེན་གཞིའི་ཁུལ་དབུལ་བོ། དབུས་ནུབ་རྒྱུད་ཀྱི་ཤིན་ཏུ་དབུལ་བའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་དང་རྫོང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་པོའི་གྲངས་འབོར་མང་བ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་ལས་འགན་ལྕི་བའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་རྫོང་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ཆེན་ཁག་གིས་རྣམ་གྲངས་རྫོང་གཏན་འཁེལ་བྱས་རྗེས་གང་མགྱོགས་ངང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ལ་སྙན་ཐོ་སྤྲོད་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།