ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། 

ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་གི་སྙན་ཞུ་དང་།སློབ་གསོ་ཚན་རིག་རིག་གནས་ལུས་རྩལ་ཨུ་ལྷན་དང་། སྤྱི་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི2019ལོའི་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན། 

ཝང་དབྱང་བསྟན་དོན། ད་ལོ་ནས་བཟུང་རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་ཐད་འབད་བརྩོན་བྱས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ནན་ཏན་སྒོས་ད་ལོའི་གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པའི་བྱེད་སྟངས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། གྲུབ་འབྲས་ཞུན་བརྡར་དང་རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན། ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་མཐའ་འཁྱོངས་རིང་འཕེལ་རྒྱས་དང་སྲ་བརྟན་ཁྲོད་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ད་ལོའི་ལས་དོན་ཕྱོགས་བསྡོམས་མཇུག་བསྡུའི་ལས་ཀ་ལེགས་པར་བསྒྲུབ་དགོས་ལ། སང་ལོའི་ལས་དོན་འཆར་འགོད་ཡག་པོ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལྟེ་བར་དམིགས་ནས་བརྗོད་གཞི་གནད་དུ་ཁེལ་བ་འདེམས་པ་དང་། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ཡག་པོ་བཟོ་བ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་དང་ས་གནས་སྲིད་གྲོས་ཀྱི་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཉམས་མྱོང་འབྲེལ་འདྲེས་ཚོགས་འདུ། “མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པའི”རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་གྲ་སྒྲིག་ཡག་པོ་བྱས་ནས། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་ཁག་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཧུར་ཐག་སྒོས་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། 

ཚོགས་འདུའི་ཐོག ཟླ12པའི་ཚེས16ཉིན་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་རྒྱུ་གཏན་འབེབས་བྱས། 

ཀྲུའུ་ཞིའི་ཚོགས་འདུའི་ཐོག 2019ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུས་ཀྲང་ཉིང་ཅི་ཀྲེས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པའི”བརྗོད་གཞིར་དམིགས་ནས་སྙན་ཞུ་ཞུས། 

ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེན་ཅན་པང་། ཀུའུ་ཧྲེང་དབྱང་།ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།