ཀྲུང་གོ་བོད་ཀྱི་དྲ་བ།

ཧྲན་ཤིས་ཐའེ་ཡོན་གྱི“མྱུར་སྐྱེལ་ཕུ་བོ”38ལ་དམའ་རིམ་ལས་གནས་གོ་མིང་ལག་ཁྱེར་སྤྲད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲན་ཤིས་ཐའེ་ཡོན་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཐའེ་ཡོན་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་རེ་ཞུ་བྱས་པ་བརྒྱུད་ཐའེ་ཡོན་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་གྲོང་ཁྱེར་དེའི་སྐོར་ཁག་དང་པོ“མྱུར་སྐྱེལ་ཕུ་བོ”38ལ་དམའ་རིམ་ལས་གནས་གོ་མིང་ལག་ཁྱེར་ཐོབ་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཚུན་དུ་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་གིས་མྱུར་སྐྱེལ་ལས་དོན་མི་སྣར་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་མཐོ་ཤོས་དེ་མཐོ་རིམ་བཟོ་བཀོད་པ་ངོ་མར་བདམས་ཆོག་གི་ཡོད་པ་རེད། ཡིན་ནའང་མིག་སྔར“མྱུར་སྐྱེལ་ལས་གྲྭར”དམིགས་པའི་གོ་མིང་དཔྱད་ཞིབ་དེ་མྱུར་སྐྱེལ་པར་དམིགས་པ་ཙམ་མ་ཡིན་པར་མྱུར་སྐྱེལ་ལས་རིགས་ཧྲིལ་པོར་དམིགས་པ་ཞིག་རེད། དེར་བརྟེན་ཡུལ་དངོས་ཀྱི་མྱུར་སྐྱེལ་པར་ལས་གནས་གོ་མིང་ལག་ཁྱེར་རག་ཚད་དམའ་བ་དང་ལས་གནས་གོ་མིང་ལག་ཁྱེར་ཐོབ་མཁན་མང་ཆེ་བ་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་ཀྱི་སྲིད་འཛིན་ལམ་ཡང་ན་དོ་དམ་མི་སྣ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།