ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་ཚོགས་ཤིང་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191204092148.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་ཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་ཏུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་དོན་མི་སྣས་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱ་ཐབས》གཞིར་བཟུང་ནས། 2019ལོའི་ཟླ7པ་ནས་ཟླ11པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག་དང་ལས་ཁུངས14ཡི་འགན་འཁུར་པ16གིས་ཁྲིམས་ལྟར་རྩ་ཁྲིམས་དམ་བཅའ་བཞག་པ་རེད།

微信图片_20191204092202.jpg

སྔ་དྲོའི་ཆུ་ཚོད11སྟེང་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ཞའོ་ཅེ་ཡིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེ་རྗེས་དམ་བཅའ་འཇོག་མཁན་གྱིས་དམ་བཅའི་ལག་པ་ཡར་བཀྱགས་ནས་དམ་ཚིག་གྱེར་འདོན་བྱས་ལ། དམ་བཅའ་འཇོག་མཁན་གཞན་དག་གིས་ཀྱང་རྒྱབ་ཕྱོགས་སུ་སྟར་ཕྲེང་བསྒྲིགས་ནས་དམ་ཚིག་གྱེར་འདོན་བྱས་པ་རེད།

微信图片_20191204092206.jpg

དམ་བཅའ་བཞག་རྗེས་ལི་ཁེ་ཆང་གིས་རྩ་ཁྲིམས་ལ་བློ་དཀར་གཞུང་དྲང་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་ནི་མི་ཚང་མས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་ལ། མི་དམངས་ལ་བདེ་སྐྱིད་དགོད་ཐུབ་པར་བྱ་རྒྱུ་ནི་ངེས་པར་དུ་གཟབ་ནན་བྱ་དགོས་པའི་འབད་འཐབ་ཀྱི་དམིགས་འབེན་གཙོ་བོ་ཡིན། ཁོང་གིས་གསུངས་རྒྱུར། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། དོན་དངོས་ཀྱིས་འགན་འཁྲི་སྒྲུབ་པ། སྤྱོད་གཙང་གིས་འགན་འཁྲི་སྒྲུབ་པ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཁྲིམས་བརྩི་སྲུང་དང་། ཁྲིམས་ལ་སློབ་སྦྱོང་། ཁྲིམས་བཀོལ་སྤྱོད་བཅས་བྱེད་པར་སྣེ་ཁྲིད་དང་། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དཀའ་སེལ་འགག་སྒྲོལ་ཁྲོད་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་བྱས་རྗེས་མངོན་པར་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་། དབང་ཆ་དྲང་གཞག་སྤྱོད་པ། ལས་དོན་ནན་སྒྲུབ། གྲོན་ཆུང་ནན་སྒྲུབ། བརྩེ་སེམས་གཅིག་སྒྲིལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་གསུངས་བ་རེད།

微信图片_20191204092210.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེན་དང་། ཧུའུ་ཁྲུན་ཧྭ། ལིག་ཧི། རྒྱལ་དོན་ཨུ་ཡོན་ཝང་ཡུང་དང་ཝང་ཡུས། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་མཛད་སྒོར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།