ཀྲུང་གོ་བོད་ཀྱི་དྲ་བ།

ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་་བསྟར་བྱས་ནས་ལོ20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས3ཉིན་པེ་ཅིན་དུ་འཚོག་རྒྱུ་རེད།​

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : གསར་འགོད་པ།ཧྲི་ལུང་ཧུང་།ཀྲའོ་པོ།   སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་ཆེད།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་ཟླ12པའི་ཚེས3ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་ཡིན་པ་རེད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་དོན། སྐབས་དེར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་དང་དཔོན་རིགས་གཙོ་བོ་ཁག་གཅིག དེ་མིན་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགན་འཁུར་བ་དང་། ཨའོ་མོན་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། གཞི་རྩའི་བཅའ་ཁྲིམས་ཞིབ་འཇུག་གི་ལས་དོན་ཐད་འབད་བརྩོན་བྱས་མྱོང་བའི་ཆེད་མཁས་པ་དང་མཁས་དབང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུ་རེད།  ཉིན་དེའི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨའོ་མོན་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོ་རུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ20འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་དང་། རྒྱལ་ནང་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་དང་མཁས་དབང་རྣམས་བགྲོ་གླེང་ནང་ཞུགས་རྒྱུ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།