ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་སྡུར་གྲོས་ཚོགས་ཧྲིན་ཀྲིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་སྡུར་གྲོས་ཚོགས་ཟླ་བཅུ་གཅིག་པིའ་ཚེས་སུམ་ཅུ་ཉིན་ཧྲིན་ཀྲིན་ནས་ཚོགས། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སོགས་ལས་ཁུངས་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པ་སུམ་བརྒྱ་དང་ཉི་ཤུ་ལྷག་གིས་ཞིབ་སྡུར་བྱས།

ཚང་མས་མཐའ་གཅིག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་གཞུང་ལུགས་མ་ལག་འཛུགས་པ་དང་། དེང་རབས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་འཕེལ་རྒྱས་སུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་མ་ཟད། མིའི་རིགས་སྤྱི་ཚོགས་ཀྱིས་སྔར་ལས་ལུགས་མཐུན་གྱི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱེད་པའི་ཐད་ཀྲུང་གོའི་རིག་སྟོབས་ཕུལ་ཟེར།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།