ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་ཡིན་པར་མ་ཟད་ཡུན་རིང་ལ་འགྱུར་བ་མེད་པ་སྲུང་འཛིན་བྱེད་པའི་ཐད་ལ་བསམ་འཆར་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་བཏོན་པའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་ཡིན་པར་མ་ཟད་ཡུན་རིང་ལ་འགྱུར་བ་མེད་པ་སྲུང་འཛིན་བྱས་ཏེ་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་དུས་ཡུན་ཐོན་རྗེས་ཡང་བསྐྱར་ལོ་སུམ་ཅུ་ཇེ་རིང་དུ་གཏོང་བའི་རེ་བ་ལྟར། ཞིང་བའི་ས་ཞིང་འགན་གཙང་ལེན་ཁེ་དབང་འགན་སྲུང་བྱེད་པ་དང་། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་ཡིན་པར་མ་ཟད་ཡུན་རིང་ལ་འགྱུར་བ་མེད་པ་སྲུང་འཛིན་བྱེད་པའི་ཐད་ལ་བསམ་འཆར་བཏོན།

བསམ་འཆར་ལས་བསྟན་དོན། ཁྱིམ་ཚང་གིས་འགན་གཙང་ལེན་དང་བདག་གཉེར་བྱེད་པ་ལག་བསྟར་བྱས་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་ཡིན་པའི་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། སྔ་གཞུག་ཏུ་ཐེངས་གཉིས་ལ་འགན་གཙང་ལེན་དུས་ཡུན་ཇེ་རིང་དུ་བཏང་ནས་མུ་མཐུད་དུ་འབྲེལ་ཡོད་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་བ་དང་། ཁྲིམས་ལྟར་ཞིང་བས་ས་ཞིང་འགན་གཙང་ལེན་བྱེད་པའི་ཁེ་ཕན་སྣ་ཚོགས་སྲུང་སྐྱོབ་བྱས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་དུས་སྐབས་སུ། ཏང་ཀྲུང་དབྱང་གིས་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་འཇགས་ཡིན་པར་མ་ཟད་ཡུན་རིང་ལ་འགྱུར་བ་མེད་པ་སྲུང་འཛིན་བྱེད་རྒྱུའི་རེ་བ་བཏོན་པ་ནི་ཏང་གིས་ཞིང་སྡེའི་ས་ཞིང་སྲིད་ཇུས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པ་དང་། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཕན་པ་ཡོད་པ་དང་ཞིང་སྡེ་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་འཛིན་བྱེད་པར་ཕན་པ་ཡོད།

བསམ་འཆར་ལས་བསྟན་དོན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུན་རིང་ལ་འགྱུར་བ་མེད་པ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་དང་གོ་རིམ་རང་བཞིན། ཡུན་རིང་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལྟར། འགོ་ཁྲིད་ལ་ཤུགས་སྣོན་ཞིང་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། ཡུན་རིང་ལ་འགྱུར་བ་མེད་པ་དང་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་དུས་ཡུན་ཐོན་རྗེས་ཡང་བསྐྱར་ལོ་སུམ་ཅུ་ཇེ་རིང་དུ་གཏོང་བའི་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།