ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉོ་ཚོང་བརྗེ་རེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉོ་ཚོང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་མྱུར་དུ་གསོ་སྐྱོང་བྱས་ཏེ། ཉོ་ཚོང་བརྗེ་རེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉོ་ཚོང་བརྗེ་རེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཚོང་རྫས་དང་རྒྱུ་རྐྱེན་གཙོ་བོའི་སྐོར་སྐྱོད་རང་བཞིན་གྱི་སྒོ་འབྱེད་དེ་སྒྲིག་སྲོལ་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་ཉོ་ཚོང་བཅའ་ཁྲིམས་དང་སྒྲིག་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཚོང་ར་ཅན་གྱི་རྩ་དོན་དང་ཚོང་ལས་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན། དཔེ་དབྱིབས་དང་ལས་རྣམ་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གཙོར་བཟུང་སྟེ་ཤུགས་ཆེན་པོས་ཉོ་ཚོང་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། ནང་འདྲེན་དང་ཕྱིར་གཏོང་དང་དངོས་རྫས་བརྗེ་རེས་དང་ཞབས་ཕྱིའི་བརྗེ་རེས། ཉོ་ཚོང་དང་ཕན་ཚུན་ལ་མ་དངུལ་གཏོང་བ། ཉོ་ཚོང་དང་ཐོན་ལས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུ་རྐྱེན་གཙོ་བོར་གོ་རིམ་ལྡན་ཞིང་རང་མོས་སྒོས་སྐོར་སྐྱོད་བྱེད་པ་དང་ཐོན་ཁུངས་ཕན་འབྲས་ལྡན་པའི་སྒོ་ནས་སྒྲིག་སྦྱོར་བྱེད་པ། ཚོང་ར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་དོ་མཉམ་ལ་སྐུལ་འདེད་བཏང་ནས། ཉོ་ཚོང་བརྗེ་རེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། སྒོ་འབྱེད་མཉམ་ལས་དང་བཟོད་སྒོམ་ཀུན་ཕན། མཉམ་སྤྱོད་མཉམ་རྒྱལ་གྱི་རྒྱལ་སྤྱིའི་ཉོ་ཚོང་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

བསམ་འཆར་ལས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་ལས་བགོས་བྱས་པ་ལྟར། སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་འགན་འཁྲིའི་ཁག་ཁུར་དང་ལེན་བྱེད་པ་དང་། ས་གནས་རང་གི་དོན་དངོས་དང་སྦྲེལ་ཏེ་ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱེད་པར་མ་ཟད་འབྲེལ་ཡོད་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།