ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྒྲུབ་པའི“ཕ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་ས་ཁུལ་གྱི་གནད་དོན་གཙོ་བོ་ཡིན་པ་དང་། ཕྱོངས་ཡོངས་ནས་ཕ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་གྱིས་ཐད་གཅོད་བྱས་ཏེ།  ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་ཞི་བདེ་མཉམ་གནས་དང་ཐུན་མོང་གིས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་བདེན་དྲང་སྙོམས་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཐག་ཆོད་ཡིག་དང“ས་ཞིང་ཞི་བདེ་དང་བརྗེ་བའི”རྩ་དོན།“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཁ་ཕྱོགས་ཆེན་པོ་བཅས་མཐའ་འཁྱོངས་བྱས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་མོལ་སླར་གསོ་བྱེད་ཆད་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་བཟང་བོ་དང་རོགས་ཟླ་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན་པས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཁྲིམས་མཐུན་ཁེ་དབང་གི་བྱ་གཞག་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་ས་ལེམ་ཤར་བ་དེ་རྒྱལ་ས་བྱེད་པ། བདག་དབང་ཆ་ཚང་ཡོད་པ།  རང་ཚུགས་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཡིན་པ་བཅས་ཀྱི་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་དང་དབྱི་སི་རལ་ལ་སྐུལ་འདེད་བཏང་ནས་སྔ་མོ་ནས་དབུས་ཤར་ས་ཁུལ་གྱི་ཕྱོགས་ཡོངས་དང་། དྲང་བདེན། ཡུན་རིང་ཞི་བདེ་བཅས་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།