དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོའི་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

1125281872_15748544273061n.jpg

ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོའི་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོའི་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དམག་དཔུང་ཡོངས་ཀྱི་སློབ་གྲྭའི་སློབ་གཙོ་དང་དམག་དོན་སློབ་གསོའི་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པར་མ་ཟད། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། དམག་དོན་སློབ་གྲྭའི་བཅོས་སྒྱུར་གསར་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཞིང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་རྒྱལ་སྲུང་སློབ་ཆེན་དུ་ཕེབས་ཏེ་མཉམ་འཛོམས་སྦྱོང་བརྡར་འཛིན་གྲྭའི་སློབ་མ་ཡོངས་ལ་བརྩེ་བའི་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཞི་ཅིན་ཕིང་གིས་བསྟན་དོན། དམག་དོན་སློབ་གསོ་འཕེལ་རྒྱས་སུ་གཏོང་སྐབས་ངེས་པར་དུ་སྤྱི་ལ་དོ་དམ་བྱེད་པའི་བྱེད་ཕྱོགས་ཤིག་ཡོད་དགོས་ལ། མི་གང་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་ཇི་ལྟར་མི་སྐྱེད་སྲིང་བྱེད་པ། སུས་དོན་དུ་མི་སྐྱེད་སྲིང་བྱེད་པའི་རྩ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ནི་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སུ་གཏོང་བར་ཞབས་ཕྱི་བསྒྲུབ་པ་དང་། ཀུན་སྤྱོད་བཟང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། དམག་འཐབ་ལ་མཁས་པའི་མི་གསོ་སྐྱོང་བྱེད་དགོས་པར་མ་ཟད། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ནི་དམག་དོན་སློབ་གསོ་བྱ་བའི་གཞི་རྩའི་བསྲུང་བྱ་ལག་བསྟར་བཟང་བོ་བྱས་ཏེ། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་འགྱུར་བ་མེད་པའི་སྒོ་ནས་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དམག་དཔུང་ཡོངས་ཀྱིས་སློབ་གླིང་དང་སློབ་གྲྭར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། སློབ་གླིང་དང་སློབ་གྲྭའི་འཛུགས་སྐྲུན་དེ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་གོ་གནས་གལ་ཆེན་དུ་བཞག་སྟེ་མཛུབ་སྟོན་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ལ། རང་རེའི་དམག་དཔུང་གི་སློབ་གྲྭའི་སློབ་གསོ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་བྱ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞུའུ་ཆི་ལེང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་འགོ་འཛིན་བྱས་པ་དང་། ཀྲང་ཡུག་ཞ་དང་ཝེ་ཧྥིན་ཧི། ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་མཛད་སྒོར་ཞུགས།

འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་སྒོ་ནས་ཚོགས་པ་དང་དམག་དཔུང་ཡོངས་ཀྱི་སློབ་གྲྭ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། འཐབ་ཁུལ་སོ་སོ་དང་དམག་དཔུང་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། དམག་དོན་ཚན་རིག་གླིང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འགོ་ཁྲིད་པ་གཙོ་བོ་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།