ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་ལག་བསྟར་བྱེད་པ་གོ་སྐབས་སུ་བཟུང་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་མྱུར་དུ་གསར་སྐྲུན་བྱེད་པ་དང་། ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་རིགས་སོ་སོའི་ཚོང་རའི་གཙོ་གཞིའི་དངུལ་གཏོང་ལས་སྤེལ་གྱི་དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱེད་རྒྱུ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། སྲོལ་ཡིག་གི་རེ་བ་ལྟར། ཚོང་རའི་གཙོ་གཞི་ལ་ཡིད་འཇོག་ཆེན་པོ་བྱས་ཏེ་རྒྱུན་མཐུད་སྒོས་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ལག་བསྟར་བྱེད་དགོས། གཅིག ཞིབ་བཤེར་ཆོག་མཆན་འགོད་ལུགས་སྟབས་བདེ་རུ་གཏོང་དགོས། གཉིས། ཚད་མཐོན་པོའི་སྒོ་ནས་ཞབས་ཕྱིའི་ལས་རིགས་ཚོང་རར་ཞུགས་པའི་རེ་བ་ལྷོད་ཡངས་སུ་གཏོང་དགོས། གསུམ། ཁེ་ལས་དང་འབྲེལ་བའི་དངུལ་བསྡུའི་གནས་ཚུལ་ལ་སྔར་ལས་གཙང་བཤེར་བྱེད་དགོས། བཞི། འདྲ་མཉམ་འགྲན་རྩོད་ལ་སྔར་ལས་སྐུལ་འདེད་གཏོང་དགོས། ལྔ། སྲིད་དོན་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།