ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་ཞི་ལུའུ་ཨ་ནོ་ཧྥུའུ་གཉིས་ཀྱིས་མཉམ་དུ་འགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཞི་ལུའུ་ཨ་ནོ་ཧྥུའུ་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་དུ་འགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཕྱོགས་གཉིས་ཀྱི་ཙུང་ལི་ཡིས་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་འཕེལ་རིམ་དང་ལས་གཞི་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་ལ་སྤྱི་བསྡོམས་དང་གསེད་བཀྲོལ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ་དངུལ་གཏོང་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྔར་ལས་མང་པོའི་མཉམ་ལས་ལས་གཞི་དངོས་འབེབས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཐག་བཅད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དངོས་གཉེར་གྲུབ་འབྲས་མང་པོ་ལེན་པ་དང་མུ་མཐུད་དུ་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད་ཟེར།

ཞི་ལུའུ་ཨ་ནོ་ཧྥུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་སྔར་ལས་ཇེ་ཆེར་སོང་ཞིང་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས། ཞིང་ལས། སྨན་རྫས། ཚན་རྩལ་སོགས་དངུལ་གཏོང་ལས་གཞི་གལ་ཆེན་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་བླངས། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་།  སྔར་ལས་མང་པོའི་སྟབས་བདེ་ཅན་གྱི་བྱེད་ཐབས་སྤྱད་དེ་སྔར་ལས་མང་པོའི་དངུལ་གཏོང་མཉམ་ལས་ལས་གཞི་དངོས་འབེབས་བྱེད་པར་མ་ཟད་ཀྲུང་གོའི་ཁེ་ལས་ཀྱིས་ཨུ་རུ་སི་ནས་ཚོང་གཉེར་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།