རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད།

20191127100427QCdQ.jpg

ཟླ11པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་ཆོས་ལུགས་སོ་སོར་སྣེ་ཁྲིད་བྱས་ནས། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་དུས་རབས་མདུན་སྐྱོད་ཀྱི་རེ་བ་དང་མཐུན་པའི་རྒྱས་བཤད་ཐད་ནས་བཞུགས་མོལ་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཁོང་གིས་བསྟན་དོན། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་རྒྱས་བཤད་བྱེད་པ་ནི་ཁ་ཕྱོགས་ལ་དོ་དམ་དང་གཞི་རྩར་དོ་དམ་བྱེད་པའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་དང་། ཆོས་ལུགས་སོ་སོ་རང་ངོས་ནས་བདེ་ཐང་འཕེལ་རྒྱས་སུ་འགྲོ་བའི་དགོས་ངེས་ཀྱི་རེ་བ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལོན་པར་བྱས་ཏེ། རྒྱུན་འཛིན་དང་གསར་སྐྲུན་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། ཞིབ་འཇུག་དང་བཀོལ་སྤྱོད་གཉིས་སྦྲེལ་མཐུད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་ནུས་པ་གཙོ་བོ་དང་ཕྱོགས་སོ་སོའི་བར་གྱི་རྒྱབ་སྐྱོར་ཆེན་པོ་ཟུང་འབྲེལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་རྒྱས་བཤད་བྱེད་པའི་ལེའུ་ཆེན་པོ་འདི་ལེགས་པོར་སྒྲུབ་པ་དང་། རིམ་པ་བཞིན་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་ཆོས་ལུགས་ཀྱི་བསམ་བློའི་མ་ལག་གྲུབ་པར་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཅིག་མཐུན་ཡོང་བའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་ཆེད་མཁས་ཤེས་ཡོན་པ། གཞི་རིམ་གྱི་ཆོས་ལུགས་མི་སྣ་བཅས་མི་བཅུ་དྲུག་གིས་ཆོས་ཁྲིམས་འདུལ་ཁྲིམས་རྒྱས་བཤད་ཐད་ནས་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་བརྗོད་པར་མ་ཟད་བྱ་བའི་གྲོས་གཞི་བཏོན།

ཚང་མས་བསྟན་དོན། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དང་དུས་རབས་མདུན་སྐྱོད་ཀྱི་རེ་བ་དང་ཟུང་འབྲེལ་བྱས་ཏེ། ཆོས་ལུགས་ཀྱི་བསྟན་དོན་དང་ཆོས་ཁྲིམས་ལ་རྒྱས་བཤད་གསར་བ་བྱེད་རྒྱུ་ནི་ཆོས་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་གདམ་གསེས་ཡིན་པར་མ་ཟད། ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་ཀྱི་དད་པར་འགན་འཁུར་བའི་མཚོན་བྱེད་གལ་ཆེན་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞ་པའོ་ལུང་དང་པ་ཐར་གཉིས་གཉིས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་ཡུལ་དངོས་ནས་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།